འབར་མའི་ནང་གཡང་ཊི་གསར་རྙེད།

ཟླ་འདིའི་ཕྱི་ཚེས་༡༥ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ཆར་འབར་མའི་བྱང་ཕྱོགས་སུ་ཆགས་པའི་ཀ་ཆིན་མངའ་སྡེ་ནང་ནས་གཏེར་ཁ་སྔོག་འདོན་པ་ཚོས་ལྗིད་ཚད་ཊོན་༡༧༥ ཅན་གྱི་ གཡང་ཊི་ཤིན་ཏུ་ཆེན་པོ་ཞིག་བརྙེད་ཡོད་འདུག
14658151_255034384898624_1068008995_nདེའི་མཐོ་ཚད་ལ་མི་ཊར་༤.༣ དང་། ཞེང་ཚད་ལ་མི་ཊར་༥.༨ ཡོད་པ་དང་། གཡང་ཊི་དེའི་རིན་གོང་ནི་ཨ་སྒོར་ས་ཡ་༡༧༠ ཙམ་ཡིན་པའི་བཤད་ཀྱི་ཡོད་འདུག རྒྱ་ནག་དང་ནིའུ་ཛི་ལན་ཌི། ཨོ་རུ་སུ། ཁེ་ན་ཌ་བཅས་ནི་རྡོ་གཡང་ཊིའི་གཏེར་ཁ་ཡོད་སའི་རྒྱལ་ཁབ་ཡིན་འདུག་རུང་། གཡང་ཊི་སྤུས་ཚད་ཡག་ཤོས་ཀྱི་འབྱུང་ཁུངས་གཙོ་བོ་ནི་འབར་མ་ཡིན་ཁར། གཡང་ཊི་བཙོང་པའི་ཁེ་འབབ་ཀྱིས་རྒྱལ་ཁབ་དེའི་ལོ་རེའི་རྒྱལ་དམངས་དཔལ་འབྱོར་གྱི་བརྒྱ་ཆ་ ༥༠ ལ་ཉེ་བ་ཟིན་གྱི་ཡོད་འདུག གཡང་ཊི་འགྲོ་རྒྱུག་ཆེ་ཤོས་ནི་འབར་མའི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་ནག་ཡིན་པ་དང་། གཡང་ཊི་རྒྱུ་ཆ་བྱས་ནས། སྐེ་རྒྱན་དང་། ལག་གདུབ། སོར་གདུབ་སོགས་རྒྱན་ཆའི་རིགས་དང་། དེ་བཞིན་དཀར་ཡོལ་གྱི་རིགས་སོགས་ཅ་དངོས་སྣ་ཚོགས་བཟོ་ཡི་ཡོད་འདུག