འཛམ་གླིང་གི་མི་ལོ་ན་མཐོ་ཤོས་དེ་གྲོངས་འདུག

ཡ་སུ་ཊ་རོ་(Yasutaro)ནི་ཕྱི་ལོ་༡༩༠༣ ཟླ་༣ པའིཚེས་༡༣ ཉིན་ཉི་ཧོང་དུ་སྐྱེས་ཡོད་པ་དང། ཕྱི་ལོ་༢༠༡༦ ལོའི་ཟླ་འདིའི་ཚེས་༡༩ ཉིན་ཉི་ཧོང་གི་གྲོང་ཁྱེར་ན་གྷོ་ཡ་རུ་གྲོངས་པ་དང། ཁོང་ད་ལྟ་ལོ་༡༡༢ ཡིན་པས་འཛམ་གླིང་ནང་ལོ་ན་མཐོ་ཤོས་ཀྱི་མི་ཡིན་པའི་གནས་ཚུལ་སྤེལ་འདུག

1257625ཁོང་གིས་ཐ་མག་མི་འཐེན་པ་དང་ཆང་མི་འཐུང་བ། ལས་ཀ་ག་རེ་བྱས་ཀྱང་ཚད་ལས་བརྒལ་བ་མ་བྱེད་པ། སེམས་སྐྱིད་པོ་སྡོད་པ་བཅས་ནི་ཁོང་མི་ཚེ་རིང་པོ་གནས་པའི་གསང་བ་ཡིན་སྐོར་བརྗོད་མྱོང་འདུག

འབྲེལ་ཡོད་ལས་བྱེད་ཀྱིས་ཁོང་གི་སྙིང་གི་ནུས་པ་ཉམས་པ་དང་གློ་བའི་གཉན་ཚད་ན་བའི་རྐྱེན་གྲོངས་ཡོད་སྐོར་འགྲེལ་བརྗོད་བྱས་འདུག

སྤྱིར་བཏང་མིའི་ཚེ་ཚད་མཐོ་ཤོས་ལོ་༡༠༠ ལ་འཛིན་གྱི་ཡོད་ཀྱང། ལོ་བརྒྱ་ལས་མང་བ་སྡོད་མཁན་མི་མང་པོ་བྱུང་མྱོང་ཡོད་པ་དང། ད་བར་ལོ་ན་མཐོ་ཤོས་ནི་ཧྥ་རན་སིའི་བུད་མེད་ཇེན་ནེ་ལོ་༡༢༢ དང་ཉིན་༡༦༤ བར་བསྡད་ཡོད་འདུག

རྒྱལ་ཁབ་ཁག་གི་ནང་མིའི་ཆ་སྙོམས་ཀྱི་ཚེ་ཚད་མཐོ་ཤོས་ནི་ལོ་༨༠ ཡི་སྒང་ལ་འཛིན་གྱི་ཡོད་པ་དང་། དེ་ཡང་ཉི་ཧོང་དང་སུད་སི། ཨི་སི་རིལ། ཨི་ཊ་ལི། ཨེ་སི་ལན་ཊི་དང་སི་ཝེ་ཌན་བཅས་ཀྱི་མིའི་ཚེ་ཚད་ལོ་ན་༨༠ ཡི་སྒང་ལ་ཡིན་འདུག

འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས། ཕྱི་ལོ་༡༩༩༠ནས་འཛམ་གླིང་མིའི་ཆ་སྙོམས་ཚེ་ཚད་ལོ་༦ ཡི་མང་དུ་ཕྱིན་ཡོད་སྐོར་གྱི་སྙན་ཐོ་བཏོན་འདུག

བོད་པའི་ལོ་རྒྱུས་ཐོག་ལོ་ན་ཆེ་ཤོས་དེ་ཏང་སྟོང་རྒྱལ་པོ་དགུང་ལོ་༡༢༠ བར་བསྡད་པའི་ལོ་རྒྱུས་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།