རྒྱ་གར་ནང་འོས་བསྡུ་བསླེབ་ལ་ཉེ་སྐབས་གླིང་ཕྲན་ཞིག་དང་འབྲེལ་ཏེ་སྲིད་དོན་ཚོགས་པའི་བར་གྱི་རྩོད་རྙོག

རྒྱ་གར་ནང་ད་ཆར་རྒྱལ་ཡོངས་འོས་བསྡུ་བསླེབ་ལ་ཉེ་བར་བརྟེན། ད་ལྟའི་གཞུང་འཛིན་བྷི་ཇེ་པེ་སྲིད་དོན་ཚོགས་པས་ཤྲི་ལིངྐ་དང་རྒྱ་གར་གཉིས་ཀྱི་ས་མཚམས་སུ་ཡོད་པའི་གླིང་ཕྲན་ཆུང་ཆུང་ཞིག་དང་འབྲེལ་ནས་ཕྱོགས་འགལ་ཀང་རེ་སི་སྲིད་དོན་ཚོགས་པ་ལ་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད་འདུག
རྒྱུ་མཚན་ནི་ཕྱོགས་འགལ་ཚོགས་པ་འདི་ཕྱི་ལོ་༡༩༧༤ ནང་གཞུང་འཛིན་ཚོགས་པ་ཡིན་པའི་སྐབས་སུ་གླིང་ཕྲན་དེ་ཤྲི་ལིང་ཀ་ལ་སྤྲད་ཡོད་འདུག་པས་དེའི་སྐྱོན་བརྗོད་ཡིན་འདུག
ཕྱི་ཚེས་༢ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་དང་ཤྲི་ལིངྐ་གཉིས་བར་གྱི་གླིང་ཕྲན་ཆུང་ཆུང་ཞིག་ཡོད་འདུག་པ་དང་། གླིང་ཕྲན་ཆུང་ཆུང་དེའི་ཐོག་འཐུང་ཆུ་མེད་པའི་རྐྱེན་གྱིས་ཡེ་ཤུའི་ལྷ་ཁང་ཞིག་ཡོད་འདུག་པ་ལས་གཞན་མི་འདུག་མཁན་སོགས་གང་ཡང་མེད་པ་ཡིན་འདུག་ཀྱང་། རྒྱ་གར་གྱི་ཉ་པ་རྣམས་ཀྱིས་ཉ་འཛིན་དུས་རྒྱ་མཚོའི་ནང་ཉ་འཛིན་སའི་མངའ་ཁུལ་ཆེ་བ་དེར་ཡོད་པ་སོགས་ལ་བརྟེན། ད་ལྟའི་གཞུང་འཛིན་བྷི་ཇེ་པེ་སྲིད་དོན་ཚོགས་པས་ཕྱོགས་འགལ་ཀང་རེ་སི་སྲིད་དོན་ཚོགས་པས་གླིང་ཕྲན་དེ་ཤྲི་ལིངྐ་ལ་སྤྲད་པ་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག གླིང་ཕྲན་དེ་ཕྱི་ལོ་༡༩༢༡ ནང་དབྱིན་ཇིའི་མངའ་འོག་ཏུ་ཡོད་པར་བརྟེན། རྒྱ་གར་གྱི་ཉ་པ་ཚོས་མངའ་ཁུལ་དེར་ཉ་འཛིན་གྱི་ཡོད་འདུག་ཀྱང་། ཕྱིས་སུ་ཕྱི་ལོ་༡༩༧༤ ནང་རྒྱ་གར་གྱི་ད་ལྟའི་ཕྱོགས་འགལ་སྲིད་དོན་ཚོགས་པ་ཀང་རེ་སི་ཚོགས་པས་ཤྲི་ལིངྐ་ལ་སྤྲད་ཡོད་འདུག ལོ་གཉིས་ཀྱི་རྗེས་སུ་ཤྲི་ལིངྐ་དང་རྒྱ་གར་བར་གྲོས་མཐུན་ཞིག་བཞག་ནས་ཕྱོགས་གཉིས་ཀྱིས་སོ་སོའི་མངའ་ཁུལ་མ་ཡིན་པའི་གཞན་གྱི་མངའ་ཁུལ་ནང་ཉ་འཛིན་མི་ཆོག་པ་བཟོས་ཡོད་འདུག ད་ཆ་གནད་དོན་དེ་རྙིང་པ་ཡིན་ཡང་ཉེ་ཆར་རྒྱ་གར་གྱི་སྲིད་བློན་མོ་དྷི་ཡིས་གནད་དོན་དེ་བསྐྱར་དུ་གླེང་སློང་བྱས་ཡོད་པར་བརྟེན། ད་ལྟ་གནད་དོན་དེ་གླེང་གཞི་ཆེན་པོ་ཞིག་ལ་གྱུར་ཡོད་འདུག སྲིད་བློན་མོ་དྷི་ཡིས་ཕྱོགས་འགལ་སྲིད་དོན་ཚོགས་པ་ཀང་རེ་སིས་གླིང་ཕྲན་དེ་གཞན་ལ་སྤྲད་པར་སྐྱོན་བརྗོད་བྱས་རྗེས། ཀང་རེ་སི་ཚོགས་པས་ཀྱང་དེ་ལ་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད་འདུག རྒྱུ་མཚན་ནི་ད་ལྟ་འོས་བསྡུ་བསླེབ་ལ་ཉེ་བར་བརྟེན། རང་གི་འོས་བསྡུའི་ཁྲོད་ཁེ་ཕན་ལེན་ཐབས་ཆེད་དུ་སོགས་ཀྱིས་ཡིན་འདུག ཕྱི་ལོ་༡༩༧༤ ནང་གླིང་ཕྲན་དེ་ཤྲི་རི་ལིངྐ་ལ་སྤྲོད་དུས་ (Indira Gandhi)ཨིན་དྷར་གྷན་དྷིན་སྲིད་བློན་ཡིན་འདུག དུས་དེ་ནས་བཟུང་རྒྱ་གར་ལྷོ་ཕྱོགས་ཏ་མེལ་ན་ཏུའི་(Tamil Nadu)་ནང་གནད་དོན་དེ་ཡང་ཡང་གླེང་སློང་ཡོང་གི་ཡོད་པར་བརྟེན། ཕྱིས་སུ་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་གིས་གནད་དོན་དེ་གནས་སྐབས་བཀག་ནས་བཞག་ཡོད་འདུག གཞུང་འཛིན་བྷི་ཇེ་པེ་སྲིད་དོན་ཚོགས་པས་ཕྱོགས་འགལ་ཚོགས་པ་གཅིག་པུ་མ་ཡིན་པ་ཏ་མེལ་ན་ཏུ་(Tamil Nadu)མངའ་སྡེའི་སྲིད་དོན་ཚོགས་པ་(Dravida Munnetra Kazhagam (DMK)་ལ་ཡང་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག རྒྱུ་མཚན་ནི་(DMK)སྐབས་དེ་དུས་མངའ་སྡེའི་ནང་གཞུང་འཛིན་སྲིད་དོན་ཚོགས་པ་ཡིན་འདུག རྒྱ་གར་གྱི་ཕྱི་སྲིད་བློན་(S Jaishankar)ཡིས་གནད་དོན་དེ་ལ་བསྐྱར་ཞིབ་གཅིག་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་དང་། གནད་དོན་དེ་ད་བར་ཁྲིམས་ཁང་ནང་ལྷག་ཡོད་པར་བརྗོད་འདུག རྒྱ་གར་གྱི་དམག་སྤྱི་(Mukul Rohatgi)ཡིས་གླིང་ཕྲན་དེ་ཚུར་ལེན་དགོས་ན་དམག་རྒྱག་དགོས་པ་ལས་གཞན་ཐབས་ལམ་མེད་རེད་ཅེས་བརྗོད་འདུག གླིང་ཕྲན་(Katchatheevu)ཟེར་བ་དེ་རྒྱ་གར་ལྷོ་ཕྱོགས་མངའ་སྡེ་(Tamil Nadu)ནང་ཡོད་པའི་ཉ་པ་ཚོ་ལ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་འདུག ཤྲི་ལིངྐ་གཞུང་གིས་ད་བར་ལན་འདེབས་གང་ཡང་བྱས་མེད་པ་ཡིན་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།