རྒྱ་ནག་གཞུང་གིས་ཆོས་ལུགས་ཀྱི་བྱེད་སྒོ་ལ་དམ་དྲག་དང་ཆོས་ལུགས་ཀྱི་མི་སྣ་བཙོན་འཇུག
སྤྱིར་བཏང་རྒྱ་ནག་ནང་ཆོས་ལུགས་དང་ཆབ་སྲིད་གང་ཐད་ནས་དམ་དྲག་དང་། དྲག་གནོན་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པ་དང་། དམིགས་བསལ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིན་སྲིད་འཛིན་གྱི་དུས་ཡུན་གསུམ་པ་འགོ་བཙུགས་པ་ནས་བཟུང་། ཆོས་ལུགས་ཀྱི་བྱེད་སྒོ་དང་ཆོས་ལུགས་མི་སྣ་ལ་དམ་དྲག་དང་། བཙོན་འཇུག་བྱེད་རྒྱུ་མང་དུ་འགྲོ་བཞིན་ཡོད་པར་རྗོད་བཞིན་འདུག

ཕྱི་ཚེས་༡༤ ཉིན་(Taipel times)གྱིས་གནས་ཚུལ་སྤེལ་གསལ་ལ། འདས་པའི་ཟླ་བ་དྲུག་གི་ནང་ལ་རྒྱ་ནག་ཁྱོན་ཡོངས་སུ་གཞུང་གིས་ཆོས་ལུགས་དང་འབྲེལ་བའི་གནས་ཆེན་དང་། དགོན་པ་གཏོར་རྒོལ། ཆོས་ལུགས་ཀྱི་བྱེད་སྒོ་དང་། ཆོས་ལུགས་མི་སྣ་ལ་དམ་དྲག་བྱེད་རྒྱུ་སོགས་མང་དུ་ཕྱིན་ཡོད་པར་ཐེ་ཝན་ནང་ཡོད་པའི་( Mainland Affair Council) ཟེར་བའི་ཚོགས་པ་དེ་ཡིས་བརྗོད་འདུག འདི་ལོ་བོད་ནང་ལ་མཚོན་ན་ཕྱི་ཟླ་༣ ཚེས་༡༠ བོད་མིའི་རང་དབང་སྒེར་ལངས་ཀྱི་སྔོན་དུས་ནས་རྒྱ་ནག་གཞུང་གིས་ཕྱི་ཚེས་༨ ནས་༡༡ བར་ལྷ་སར་ཡོད་པའི་ཇོ་ཁང་སྒོ་བརྒྱབས་ཡོད་པར་བརྗོད་འདུག་ལ། བོད་པའི་དགེ་རྒན་ཞིག་གིས་རྒྱ་ནག་གཞུང་གིས་༧ གོང་ས་མཆོག་ལ་མཚན་སྨད་ཞུས་པའི་བརྙན་ཐུང་ཞིག་ལ་སྐྱོན་བརྗོད་བྱས་པར་བརྟེན། རྒྱ་གཞུང་ནས་ཁོང་བཙོན་འཇུག་བྱས་ཡོད་པར་བརྗོད་འདུག རྒྱ་ནག་གི་ས་ཆ་(Guangdong)ཟེར་བའི་ནང་ཡི་ཤུའི་ཆོས་དཔོན་ཞིག་གིས་(Hebei)ཟེར་བའི་ས་ཆར་ཆོས་ལུགས་ཀྱི་བྱེད་སྒོ་དང་འབྲེལ་བའི་མཛད་སྒོ་ཞིག་འཚོགས་པའི་རྐྱེན་གྱིས་ཁོང་འཛིན་བཟུང་བྱས་ནས་ཟླ་བ་༦ རིང་ལ་ཆབ་སྲིད་སློབ་སྦྱོང་ཟེར་བ་ཞིག་སྤྲད་ཡོད་པ་དང་། གཞན་མི་༦ ལ་ཆོས་ལུགས་བྱེད་སྒོའི་ནང་མཉམ་ཞུགས་བྱས་པའི་ཉེས་མིང་འོག་བཙོན་འཇུག་བྱས་ཡོད་འདུག དེ་བཞིན་ཉེན་རྟོག་པས་མི་སྒེར་གྱི་སྡོད་ཁང་ནང་ཡོང་སྟེ། མི་༣༠ ཡིས་ཆོས་ལུགས་ཀྱི་བྱེད་སྒོ་དག་དྲ་ཐོག་ཏུ་སྤེལ་བའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་འདུག
འདི་ལོའི་ལོ་མགོ་ཙམ་ལ་རྒྱ་ནག་གི་ཞིང་ཆེན་(Zhejiang Province)ཟེར་བའི་ནང་རྒྱ་ནག་གཞུང་གིས་ཚོང་ལས་ཁང་ཞིག་གསར་རྒྱག་ཆེད་ཡི་ཤུའི་ལྷ་ཁང་(PresByterian)ཟེར་བ་ཞིག་གཏོར་ཡོད་པ་དང་། སྐབས་དེ་དུས་ཉེན་རྟོག་པ་དང་དད་ལྡན་མི་མང་བར་འཁྲུག་འཛིང་ཤོར་ཡོད་འདུག ཕྱི་ཟླ༡ པོའི་ནང་རྒྱ་ནག་གི་ཞིང་ཆེན་(Shanxi)ཟེར་བའི་ནང་ཡི་ཤུའི་ལྷ་ཁང་ཞིག་བཙན་དབང་ཐོག་ནས་གཏོར་ཡོད་འདུག ཟླ་བ་༣ རྗེས་སུ་(Yunnan) ཞིང་ཆེན་ནང་ཁ་ཆེའི་ལྷ་ཁང་ཞིག་གཞུང་གིས་གཏོར་རྒྱུའི་འཆར་གཞི་ཡོད་པ་བཞིན། གཏོར་འགོ་འཛུགས་དུས་དད་ལྡན་ཁ་ཆེའི་མི་མང་དང་ཉེན་རྟོག་པའི་བར་འཁྲུག་འཛིང་ཆེན་པོ་ཤོར་ཡོད་འདུག ཚོགས་པ་དེ་ཡིས་བརྗོད་དོན་ལ་(kazakh)ཀ་ཛ་མི་རིགས་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་(Zhanargul Zhumatial )ཟེར་བའི་བུད་མེད་གཅིག་གིས་ཡུ་གུར་ནང་འགྲོ་བ་མིའི་ཐོབ་ཐང་བསྟི་གནས་ཁང་ཞིག་བཙུགས་ཡོད་ཀྱང་། ཕྱིས་སུ་རྒྱ་གཞུང་ནས་མེད་པ་བཟོས་ཡོད་འདུག
དེ་བཞིན་དགོད་དྲོའི་གཏམ་གླེང་བ་(Lee Haoshi)ཟེར་བ་ཁོང་གིས་རྒྱ་ནག་གཞུང་གི་བཅིངས་གྲོལ་དམག་མི་ལ་སྐྱོན་བརྗོད་བྱས་པ་དང་། ཟུར་ཟ་བྱས་པའི་ཉེས་མིང་འོག་མིང་ཐོ་ནག་པོའི་ནང་བཅུག་ཡོད་པ་དང་། ཁོང་གི་ཚོང་གཉེར་ཁང་ལ་རྒྱ་སྒོར་ས་ཡ་༡༣ ཉེས་ཆད་བཅད་ཡོད་འདུག རྒྱ་ནག་ནང་ཡོད་པའི་རྒྱལ་ཁབ་གཞན་གྱི་གཞུང་ཚབ་པ་དག་གིས་པེ་ཅིན་གནམ་བདེ་སྒོ་མོའི་ཐང་ཆེན་ལ་བྱུང་བའི་མི་གསོད་དོན་རྐྱེན་དང་འབྲེལ་བའི་པར་དང་བརྙན་སོགས་དྲ་ཐོག་ལ་སྤེལ་དུས་བཀག་འགོག་བྱས་པ་དང་། ནག་བསུབ་བཏང་ཡོད་འདུག གང་ལྟར་རྒྱ་ནག་ནང་ཞིས་ཅིན་ཕིན་ལོ་སྔོན་མའི་སྤྱི་ཟླ་༡༠ པའི་ནང་སྲིད་འཛིན་དུས་ཡུན་གསུམ་པ་སྡོད་འགོ་བཙུགས་པ་ནས་བཟུང་། རྒྱ་ནག་ནང་ཆབ་སྲིད་དང་ཆོས་ལུགས་གང་ཐད་ནས་དམ་དྲག་ཆེན་པོ་བྱེད་འགོ་བཙུགས་པར་བརྗོད་འདུག་ལ། དེ་སྔོན་ཐེ་ཝན་ནང་རྟེན་གཞི་བྱས་པའི་(Gusa press)ཟེར་བའི་གསར་ཁང་གི་རྩོམ་སྒྲིག་པ་(Li Yanhe) ཟེར་བ་ཁོང་གིས་རྒྱ་ནག་རྒྱལ་ཁབ་ཀྱི་གསང་བ་རྐུ་རྒྱག་གི་འདུག་ཅེས་བརྗོད་ནས། ཁོང་རྒྱ་ནག་ནང་ཡོད་པའི་ཁོང་གི་ནང་མི་ཐུག་ཏུ་འགྲོ་དུས་འཛིན་བཟུང་བྱས་པར་བརྟེན། ད་ལྟ་ཡང་བཀག་ཉར་འོག་ཡོད་འདུག ཉེ་ཆར་རྒྱ་ནག་གཞུང་གི་རྒྱལ་ཁབ་ཀྱི་གསང་བ་དང་འབྲེལ་བའི་ཁྲིམས་ལུགས་གསར་པ་ཞིག་བཟོས་ཡོད་པར་བརྟེན། ཐེ་ཝན་གྱི་མི་མང་རྒྱ་ནག་ནང་ཤེས་ཡོན་དང་འབྲེལ་བའི་ཚོགས་འདུ་དང་། ལྟ་སྐོར་སོགས་འགྲོ་དུས་ཆུ་ཚོད་གཅིག་ཙམ་རིང་དྲི་རྩད་བྱེད་པ་དང་། འཕྲུལ་ཆས་རིགས་ཚང་མ་ས་མཚམས་ཉེན་རྟོག་པས་འཕྲོག་གི་ཡོད་འདུག
མདོར་ན། ཞིས་ཅིན་ཕིན་གྱི་དབང་འོག་ཏུ་རྒྱ་ནག་ཡོངས་རྫོགས་འཕྲུལ་རིགས་ཀྱིས་སྟངས་འཛིན་བྱས་ནས་ཡོད་ཚད་དམ་དྲག་འོག་གནས་དགོས་འབྱུང་བཞིན་ཡོད་འདུག །
གསར་འགོད་པ། བསོད་ནམས་ཕུན་ཚོགས།
