ས་ཡ་ཉིས་སྟོང་ཉིས་བརྒྱ་བཞི་བཅུ་ལྷག་གི་སྔོན་རྩིས་གཏན་འབེབས།
ཕྱི་ཟླ་༣ ཚེས་༢༡ ནས་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༡༡ པ་དེ་དྷ་ས་གངས་སྐྱིད་གྲོས་ཚོགས་ཁང་དུ་ཉིན་༡༡ རིང་འཚོགས་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༡༦༌༌༌༢༠༡༧ ལོའི་ལས་ཁུངས་མ་ལག་དང་བཅས་པའི་དགོས་དངུལ་སྔོན་རྩིས་ས་ཡ་ཉིས་སྟོང་ཉིས་བརྒྱ་བཞི་བཅུ་བཞི་འབུམ་བརྒྱད་ཁྲི་ཉིས་སྟོང་བཞི་བརྒྱ་བརྒྱད་ཅུ་གྱ་གཅིག་(༢༌༢༤༠༌༤༨༢༌༤༨༡) གཏན་འབེབས་བྱས་ཡོད་པ་རེད།
དེ་ནི་༢༠༡༦ ལོའི་ཕྱི་ཟླ་༤ པ་ནས་༢༠༡༧ ལོའི་ཕྱི་ཟླ་༤ པའི་བར་ལོ་གཅིག་རིང་གི་འགྲོ་གྲོན་སྔོན་རྩིས་ཡིན་པ་དང་། རྩིས་ལོའི་ནང་སྔོན་རྩིས་མ་དངུལ་ནས་རྒྱུན་གྲོན་དང་དམིགས་བསལ་འགྲོ་འཆར་༤༨༩༌༢༥༤༌༡༠༨ རྩིས་ལོའི་ནང་ཟུར་བཀོལ་རྩིས་ཁོངས་ནས་འགྲོ་འཆར་༡༌༧༥༡༌༢༢༨༌༣༧༣ བཅས་བསྡོམས་ས་ཡ་ཉིས་སྟོང་ཉིས་བརྒྱ་བཞི་བཅུ་བཞི་འབུམ་བརྒྱད་ཁྲི་ཉིས་སྟོང་བཞི་བརྒྱ་བརྒྱད་ཅུ་གྱ་གཅིག་(༢༌༢༤༠༌༤༨༢༌༤༨༡) ཡིན་པ་རེད། ཕྱོགས་བསྡོམས་མ་དངུལ་ནང་མ་ཚུད་པའི་བཀའ་ཁྲོལ་རྩིས་ལོའི་ནང་སྦེང་ལོར་ལྷོ་སྤྱི་ལས་ཁུངས་དང་ས་འཐུས་མེད་པའི་ས་གནས་གནས་ཁག་ལྔའི་སྔོན་རྩིས་འགྲོ་འཆར་༩༌༧༧༠༌༥༢༢ རྩིས་ལོའི་ནང་འཕྲོད་བསྟེན་ཁྱབ་ཁོངས་མངོན་དགའ་སློབ་གྲྭ་དང་སྨན་ཁང་ཁག་༢ བཅས་ནས་སྔོན་རྩིས། ༧༌༥༢༦༌༦༢༠ བསྡོམས་༤༧༌༣༡༧༌༡༤༢ བཅས་ཡིན་པ་རེད།
ལོ་གཅིག་རིང་གི་སྔོན་རྩིས་དེ་སྡེ་ཚན་མི་འདྲ་བ་ཁག་ལྔ་རུ་དབྱེ་ནས་བཀའ་འཁྲོལ་གཏན་འབེབས་གནང་ཡོད་པ་དང་། ཀ ངེས་ཅན་འགྲོ་གྲོན། སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས་བཅས་ཀྱི་འགྲོ་གྲོན་བསྡོམས་ ༢༌༠༢༤༌༥༦༣།
ཁ། ཁྲིམས་བཟོ་ལྷན་ཚོགས། སྤྱི་འཐུས་ཚོགས་དྲུང་ལས་ཁུངས་དང། ཆེས་མཐོའི་ཁྲིམས་ཞིབ་ཁང། བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་། ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་། ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང། ཤར་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང། ས་གནས་འཐུས་མིའི་ཚོགས་འདུ་བཅས་ཀྱི་འགྲོ་གྲོན་བསྡོམས་༤༠༌༠༢༢༌༣༢༡།
ག ཆབ་སྲིད་དང་འབྲེལ་བའི་ལས་ཁུངས་ཁག བཀའ་དྲུང་ཡིག་ཚང་དང། འཆར་འགོད་ལས་ཁང། བདེ་སྲུང་ལས་ཁུངས། ཕྱི་དྲིལ་ལས་ཁུངས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་། ལྡི་ལི་སྐུ་ཚབ་དོན་ཁང་སོགས་རྒྱལ་ཁབ་ཁག་ནང་གི་དོན་གཅོད་ཁག་དང་དེའི་འབྲེལ་ཡོད་ཐེབས་རྩ་ཁག་གི་འགྲོ་གྲོན་བསྡོམས་༥༤༡༌༣༢༣༌༩༣༨།
ང། འཛིན་སྐྱོང་དང་འབྲེལ་བའི་ལས་ཁུངས་ཁག འོས་བསྡུ་ལས་ཁང། གཞུང་ཞབས་འདེམས་བསྐོ་ལྷན་ཁང། དབུས་རྩིས་ཞིབ་ལས་ཁང། རྩིས་ཞིབ་ཡན་ལག་ལས་ཁང་ཁག་དང། དཔལ་འབྱོར་ལས་ཁུངས། དེ་འབྲེལ་གྱི་ལས་ཁང་ཁག་བཅས་ཀྱི་འགྲོ་གྲོན་བསྡོམས་༢༢༠༌༥༢༨༌༤༠༩།
ཅ། སྤྱི་ཚོགས་དང་འབྲེལ་བའི་ལས་ཁུངས་ཁག ཆོས་རིག་ལས་ཁུངས་དང། འཕྲོད་བསྟེན་ལས་ཁུངས། སྣེ་ལེན་འབྲེལ་མཐུད་ལས་ཁང། ཤེས་རིག་ལས་ཁུངས། སཾ་བྷོ་ཊ་བོད་སློབ་ཚོགས་པ། ནང་སྲིད་ལས་ཁུངས་བཅས་ཀྱི་འགྲོ་གྲོན་བསྡོམས་༡༌༤༣༦༌༥༨༣༌༢༥༠ ཡིན་པ་རེད།
བོད་མིའི་སྒྲིག་འཛུགས་ཀྱི་ལོ་སྔོན་མའི་རྩིས་ལོ་༢༠༡༥་་་༢༠༡༦ ལོའི་སྔོན་རྩིས་དེ་སྡེ་ཚན་ཁག་གསུམ་དུ་བགོས་ཏེ་བཀའ་ཁྲོལ་གནང་འདུག་པ་ལས། རྒྱུན་གྲོན་ཆེད། ༥༨༡,༥༠༠,༤༣༤ དང་། དམིགས་བསལ་ལས་དོན་ཆེད། ༩༠,༣༩༧,༣༤༤། དམིགས་བཀར་ལས་འཆར་ཆེད། ༡,༣༤༦,༡༤༡,༣༣༢ བཅས་གོང་གསལ་ཁག་བསྡོམས་པའི་ཁྱོན་ཧིན་སྒོར། ༡,༠༡༨,༠༣༩,༡༡༠ ཡིན་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།