སངས་རྒྱས་ཆོས་ལུགས་ཀྱི་ལྟ་སྤྱོད་སྐོར་གོ་བདེར་བཤད་པ་ཕན་བདེ་རྒྱ་མཚོའི་གྲུ་གཟིངས། 

བོད་ཀྱི་དཔེ་མཛོད་ཁང་ནས་ལོ་རྒྱུས་དེབ་ཕྲེང་༣༦ པའི་ངོ་བོར་པར་སྐྲུན་བྱས་པའི་དེབ་འདི་ནི་སློབ་དཔོན་ཆེན་མོ་དོར་ཞི་གདོང་དྲུག་སྙེམས་པའི་བློ་ལྡན་གྱིས་མཛད་པའི་སངས་རྒྱས་ཆོས་ལུགས་ཀྱི་ལྟ་སྤྱོད་སྐོར་གོ་བདེར་བཤད་པ་ཕན་བདེ་རྒྱ་མཚོའི་གྲུ་གཟིངས་དང་། དེའི་མཇུག་ཏུ་ཆུ་སྐྱེས་དགེ་འདུན་བསམ་གཏན་ལགས་ཀྱི་ཆེད་ རྩོམ་གསེར་འདྲ་བ་གཉིས་བསྣན་ནས་བསྒྲིགས་པ་ཞིག་ཡིན་པ་དང། མདོར་ན་དཔེ་དེབ་འདིའི་ནང་དུ་ནང་པའི་ལྟ་སྤྱོད་སྐོར་ཤིན་ཏུ་གོ་བདེ་ཞིང་རྡོག་འགྲིལ་པོར་གསུངས་ཡོད་སྟབས། དཔེ་དེབ་འདི་ལྟ་བུ་ལས་ནང་པའི་ལྟ་གྲུབ་ལ་གོ་བ་རགས་པ་རེ་མ་ལོན་ན་ནི། སོ་སོ་རང་ཉིད་ཀྱི་སྐད་ཡིག་གི་ཆུ་ཚད་ཀྱིས་མ་འདང་བའམ་ཡང་ན་རྣམ་དཔྱོད་ལ་བཀོལ་སྤྱོད་མ་བྱས་པས་ལན་པ་ཙམ་ལས། གཞུང་འདིའི་ཚིག་དོན་གང་གི་ངོས་ནས་བལྟས་ནའང་། འགྲེལ་རྗོད་ཀྱི་ཐབས་ལམ་དང་ཚིག་སྦྱོར་གྱི་རིམ་པ། བརྗོད་བྱ་ཡི་བདམས་བསྒྲིགས་དང་བརྡ་ཆད་ཀྱི་གསལ་ཁ་སོགས་ཆ་གང་ཐད་ནས། འདི་ལས་ཀྱང་ད་དུང་མར་དམའ་སར་བབས་ཏེ་གོ་སླ་འཇུག་བདེའི་འགྲེལ་སྟངས་ཤིག་རྙེད་རྒྱུ་ཁག་པོ་རེད་སྙམ། དེས་ན་ནང་པའི་ལྟ་གྲུབ་ལ་གསར་དུ་སློབ་འདོད་པ་ཚོ་མེས་པོའི་ཤུལ་བཞག་གི་བང་མཛོད་དུ་མྱུར་བར་སྐྱེལ་བའི་གློག་གི་ཐེམ་སྐས་ཤིག་ཏུ་འགྱུར་བའི་རེ་སྨོན་བཅས་ཞེས་པར་སྐྲུན་གསལ་བཤད་ནང་གསལ་འདུག།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||