སྤྱི་འཐུས་གཅིག་གི་བར་མའི་འོས་བསྡུའི་གྲུབ་འབྲས།

ཕྱི་ཟླ་༦ ཚེས་༢༤ ཉིན་དྷ་ས་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་། དབུས་འོས་བསྡུ་ལས་ཁང་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། སྐབས་༡༥ པའི་བོད་མི་མང་མདོ་སྨད་སྤྱི་འཐུས་གཅིག་གི་བར་མའི་འོས་བསྡིུ་འོས་བསྡུའི་རྒྱལ་ཁ་བཀྲ་ཤིས་དོན་གྲུབ་ལ་ཐོབ་ཡོད་པ་རེད།
འོས་བསྡུ་དེ་རྒྱ་བལ་གཉིས་ནང་ནས་བོད་མི་གནས་སྡོད་བྱེད་ཡུལ་ས་གནས་ཁག་༣༨ ནང་འོས་ཤོག་བླུགས་ཡོད་པ་དང་། ཐེངས་འདིའི་འོས་བསྡུའི་ནང་དེབ་སྐྱེལ་བྱེད་མཁན་མདོ་སྨད་མི་གྲངས་༣༩༨༦ བྱུང་བ་དང་། འོས་ཤོག་དངོས་སུ་འཕེན་མཁན་མི་གྲངས་ ༡༠༢༥ བྱུང་འདུག འོས་བསྡུའི་དེབ་སྐྱེལ་བྱས་པའི་མི་མང་གི་བརྒྱ་ཆ་༢༥་༧༢% ཟིན་གྱི་ཡོད་པ་རེད།
འོས་ཤོག་མང་ཤོས་བལ་ཡུལ་དུ་གནས་སྡོད་བཀྲ་ཤིས་དོན་གྲུབ་ལ་འོས་གྲངས་༥༨༦ དང་། ཚངས་དབྱངས་རྒྱ་མཚོ་ལ་འོས་གྲངས་༣༡༧  ཀརྨ་དགེ་ལེགས་ལ་འོས་གྲངས་༡༡༣ ཐོབ་ཡོད་པ་རེད།།