ཨུ་རུ་སུའི་སྲིད་འཛིན་གྱི་དུས་ཡུན་ལྔ་པའི་དམ་འབུལ་དང་ཨུ་རུ་སུའི་མི་མང་གི་ལྟ་ཚུལ།


ཨུ་རུ་སུའི་སྲིད་འཛིན་པུ་ཊིན་རུ་སུའི་སྲིད་དབང་བཟུང་ནས་ད་ཆར་ལོ་༢༤ ཙམ་འགྲོ་བཞིན་ཡོད་འདུག་པ་དང་། ཐོག་མ་ཕྱི་ལོ་༢༠༠༠ ལོར་ཁོ་སྲིད་འཛིན་ཆགས་ཡོད་འདུག དུས་ཡུན་དེ་དག་གི་རིང་ཨུ་རུ་སུའི་ནང་དཔལ་འབྱོར་དང་ཆབ་སྲིད། དམག་དོན་སོགས་གང་ཐད་ནས་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད་འདུག
ཕྱི་ཚེས་༨ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་སང་ཕྱི་ཚེས་༧ ཉིན་ཨུ་རུ་སུའི་སྲིད་འཛིན་གྱི་དུས་ཡུན་ལྔ་པ་དེ་དམ་འབུལ་བྱས་ཡོད་འདུག་ལ། མ་འོངས་པར་ལོ་དྲུག་རིང་སྲིད་འཛིན་པུ་ཊིན་གྱིས་དབང་ཆ་འཛིན་རྒྱུ་ཡིན་འདུག དམ་འབུལ་དེ་ཨུ་རུ་སུའི(St Andrew’s Throne Hall)ཟེར་བའི་ཚོགས་ཁང་ནང་འཚོགས་ནས་སྐབས་དེ་དུས་གཞུང་གི་འགོ་ཁྲིད་དང་གནད་ཡོད་མི་སྣ་མང་པོ་ཚང་འཛོམས་ཐོག་སྲིད་འཛིན་པུ་ཊིན་གྱིས་ང་ཚོ་ཨུ་རུ་སུའི་མི་མང་ཚོ་མཐུན་སྒྲིལ་བྱེད་དགོས་པ་དང་། མཐུན་སྒྲིལ་ཐོག་ནས་དཀའ་ངལ་གང་འདྲ་བྱུང་ཡང་གདོང་ལེན་ཐུབ། ང་ཚོ་ནི་མི་རིགས་རླབས་ཆེན་ཤིག་ཡིན་པས་མ་འོངས་ང་ཚོས་འཆར་གཞི་གཞིར་བཟུང་ལམ་འགྲོ་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་འདུག མཛད་སྒོའི་སྐབས་སུ་མི་མང་པོ་ཡོད་ཀྱང་ཨ་རི་དང་དབྱིན་ཡུལ་སོགས་ཀྱི་སྐུ་ཚབ་མི་སྣ་གཅིག་ཀྱང་ཡོད་མི་འདུག
སྲིད་འཛིན་པུ་ཊིན་ཐོག་མ་ཕྱི་ལོ་༢༠༠༠ ལོར་ཨུ་རུ་སུའི་སྲིད་འཛིན་ཆགས་ཡོད་འདུག་པ་དང་། སྐབས་དེ་དུས་ཁོས་ཨུ་རུ་སུའི་དམངས་གཙོ་སྲ་བརྟན་དང་གོང་འཕེལ་གཏོང་རྒྱུ་ཁས་ལེན་བྱས་ཡོད་འདུག་ཀྱང་། ལོ་ངོ་༢༤ རྗེས་སུ་སྲིད་འཛིན་པུ་ཊིན་གྱིས་ཨུ་རུ་སུའི་དམངས་གཙོའི་སྲིད་གཞུང་ཁྲོད་རང་ཉིད་ལ་ཁ་གཏད་གཅོག་མཁན་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་མང་པོ་ཞིག་བཙོན་འཇུག་དང་ལྐོག་གསོད། རྒྱང་འཕུད་གཏོང་བ་སོགས་བྱས་ནས་ད་ཆར་ཁོ་རང་ཉིད་ཁོ་ན་ལས་གཞན་ནུས་པ་ལྡན་པའི་འགོ་ཁྲིད་གཞན་མེད་པ་བཟོས་ཡོད་འདུག་པ་དང་། སྲིད་དབང་ཡོངས་རྫོགས་རང་ཉིད་ཀྱི་ལག་ནང་བཅུག་ནས་ད་ཆར་མི་ལོ་༢༤ ཕྱིན་ཡང་སྲིད་འཛིན་གྱི་ཁྲི་ལས་མར་འབབ་ཀྱི་མེད་པ་ཡིན་འདུག དེ་བཞིན་དམངས་གཙོའི་སྲིད་གཞུང་ཁྲོད་(checks and balances)ལྗིད་མཉམ་སྟངས་འཛིན་ཟེར་བ་ནི་ཤིན་ཏུ་ནས་གལ་ཆེན་ཡིན་ཡང་། དབང་ཆ་ལྗིད་མཉམ་སྟངས་འཛིན་ལས་ལྡོག་སྟེ་དབང་ཆ་གཅིག་བསྡུ་རིང་ལུགས་གྱུར་ཡོད་པ་དང་། སྲིད་གཞུང་ལ་ཁ་གཏད་གཅོག་མཁན་སུ་ཡོང་ནའང་ཡོད་ཚད་ནུས་མེད་དུ་གཏོང་གི་ཡོད་འདུག ཨ་རིའི་ཕོ་བྲང་དཀར་པོའི་རྒྱལ་ཁབ་བདེ་འཇགས་སློབ་སྟོན་པ་ཟུར་པ (Fiona Hill)་ཟེར་བ་དེས་ད་ཆར་པུ་ཊིན་གྱིས་ཁོ་རང་ཉིད་ཨུ་རུ་སུའི་ནང་སུས་ཀྱང་འགྲན་ཟླ་མེད་པའི་དབང་ཆེན་ཞིག་ཡིན་བསམ་གྱི་ཡོད་རེད། ང་ཚོས་འདས་པའི་དུས་ཡུན་ནང་ཁོ་ཨུ་རུ་སུའི་སྲིད་འཛིན་དུས་ཡུན་གཉིས་པ་བྱེད་པའི་སྐབས་སུ་ཁོ་ལ་དགའ་མོས་བྱེད་མཁན་མང་པོ་ཡོད་རེད། རྒྱུ་མཚན་ནི་ཁོས་ཨུ་རུ་སུའི་ཆབ་སྲིད་སྲ་བརྟན་བཟོས་པ་དང་། དེ་བཞིན་ཨུ་རུ་སུའི་དཔལ་འབྱོར་དང་སྲིད་གཞུང་གང་ཐད་ནས་སྔར་ལས་གང་ལེགས་བྱུང་ཡོད་པའི་རྐྱེན་གྱིས་དགའ་མོས་བྱེད་མཁན་མང་པོ་བྱུང་ཡོད། འོན་ཀྱང་། ཕྱི་ལོ་༢༠༡༤ ནང་ཨུ་རུ་སུས་ཡུག་རེན་གྱི་ས་ཆ་ཀེར་མེ་ཡ་བཙན་བཟུང་བྱས་པ་ནས་བཟུང་སྲིད་འཛིན་པུ་ཊིན་ཤུགས་རྐྱེན་ཆེ་བའི་འགོ་ཁྲིད་བཟང་པོ་ཡིན་པ་ལས་ལྡོག་སྟེ་ཁོ་བ
པའི་བསམ་བློའི་ནང་བཙན་འཛུལ་རིང་ལུགས་ཀྱི་བསམ་བློ་འདུག ད་ཆར་ཡུག་རེན་ལ་བཙན་འཛུལ་བྱེད་འགོ་འཛུགས་བཞིན་པ་རེད་ཅེས་བརྗོད་འདུག བྷི་བྷི་སི་གསར་འགོད་པས་མཛད་སྒོའི་ཉིན་མོ་གུས་པ་ལ་ཨུ་རུ་སུའི་གྲོས་ཚོགས་འོག་མའི་ཚོགས་གཞོན་(Vyacheslav Volodin)ཟེར་བ་དེས་པུ་ཊིན་མེད་ན་ཨུ་རུ་སུ་མེད་པ་རེད། པུ་ཊིན་ཡོད་ན་ཨུ་རུ་སུ་ཡོད་རེད་ཅེས་རྗོད་ཀྱི་འདུག དུས་རྒྱུན་ནས་མི་དེ་ཨུ་རུ་སུའི་སྲིད་འཛིན་ལ་ཧ་ཅང་དགའ་མོས་ཡོད་མཁན་ཞིག་དང་ཆེ་མཐོང་བྱེད་མཁན་ཞིག་ཡིན་འདུག
སྲིད་འཛིན་པུ་ཊིན་གྱི་ལམ་ལུགས་ཕལ་ཆེ་བ་སྔ་མོ་ཨུ་རུ་སུའི་འགོ་ཁྲིད་(Stalin)ནས་དཔེ་བླངས་པ་ཡིན་པ་འཇར་མན་ནང་ཡོད་པའི་ཉམས་ཞིབ་ལྟེ་གནས་ཁང་( Carnegie Eurasia Russia Centre)ཟེར་བ་དེ་ཡི་ཉམས་ཞིབ་པ་རྒན་པ་(Andrei Kolesnikov)ཟེར་བ་ཞིག་གིས་བརྗོད་ཡོད་འདུག་ལ། ད་དུང་ཁོང་གིས་པུ་ཊིན་དང་(Stalin)་སི་ཏ་ལིན་གཉིས་གཅིག་པ་རེད་། ཁོ་ཚོས་རང་ཉིད་ཀྱི་གཟུགས་པོས་་མ་ལྕོགས་བར་དབང་ཆ་བདག་བཟུང་བྱས་ནས་མི་མང་ཚོ་ལ་མནར་གཅོདགཏོང་རྒྱུ་ཡིན་པ་རེད་ཅེས་བརྗོད་ཡོད་འདུག སྲིད་འཛིན་པུ་ཊིན་གྱིས་སྲིད་འཛིན་པའི་དུས་ཡུན་དེ་དག་གི་རིང་ཨ་རིའི་ནང་སྲིད་འཛིན་གྱི་དུས་ཡུན་ལྔ་དང་དབྱིན་ཡུལ་གྱི་སྲིད་བློན་དུས་ཡུན་བདུན་བརྗེས་ཡོད་འདུག ཨུ་རུ་སུའི་མི་མང་པོ་ཞིག་གིས་པུ་ཊིན་དང་འབྲེལ་བའི་སྐོར་གླེང་སློང་བྱེད་རྒྱུ་འཛེམ་དོགས་བྱེད་ཀྱི་ཡོད་འདུག རྒྱུ་མཚན་ནི་པུ་ཊིན་ལ་སྐྱོན་བརྗོད་བྱེད་པ་དང་དམའ་འབེབས་རིགས་བྱས་ཚེ་བཙོན་འཇུག་བྱེད་པ་དང་གར་སོང་ཆ་མེད་དུ་གྱུར་པ་སོགས་འབྱུང་གི་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།