ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་དང་རྒྱ་ནག་ནང་བྱུང་བའི་གནམ་སྡེ་སྒོ་མོའི་གནད་དོན།

རྒྱ་ནག་ནང་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པ་དེ་རྒྱ་ནག་གི་ཀྲེ་ཅང་ཞིང་ཆེན།ཧང་ཀྲོའུ་གྲོང་ཁྱེར་དུ་འཚོགས་བཞིན་ཡོད་པ་དང་། སྐབས་དེ་དུས་རྒྱ་ནག་གི་བུད་མེད་གཉིས་ཀྱིས་མི་ཊར་༡༠༠ རྒྱང་རྒྱུགས་ཁྲོད་གསེར་གྱི་རྟགས་མ་བླངས་ཡོད་ཅིང་། རྒྱང་རྒྱུགས་ཚར་དུས་བུད་མེད་དེ་གཉིས་ཕན་ཚུན་འཐམས་ནས་དགའ་སྤྲོ་བྱེད་དུས་བུད་མེད་དེ་གཉིས་ཀྱི་ལུས་ལ་ཨང་གྲངས་དྲུག་པ་ཞིག་དང་གཞན་གྱི་ལུས་ལ་ཨང་གྲངས་བཞི་པ་ཞིག་བཏགས་ཡོད་པར་བརྟེན། དེ་གཉིས་ཀྱིས་ཕྱི་ལོ་༡༩༨༩ ཟླ་བ་༦ ཚེས་༤ ཉིན་གནམ་སྡེ་སྒོ་མོའི་དོན་རྐྱེན་རྗེས་དྲན་བྱེད་ཀྱི་ཡོད་ཚུལ་བརྗོད་ནས་པར་རིགས་དེའི་སྐོར་རྒྱ་ནག་ནང་གླེང་སློང་ཆེན་པོ་བྱེད་ཀྱི་ཡོད་འདུག

ཕྱི་ཚེས་༤ ཉིན་རྒྱལ་སྤྱིའི་གསར་འགྱུར་རྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། རྒྱ་ནག་ནང་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པ་དེ་རྒྱ་ནག་གི་ཀྲེ་ཅང་ཞིང་ཆེན། ཧང་ཀྲོའུ་གྲོང་ཁྱེར་དུ་འཚོགས་བཞིན་ཡོད་པ་དང་། སྐབས་དེ་དུས་རྒྱ་ནག་གི་བུད་མེད་གཉིས་ཀྱིས་མི་ཊར་༡༠༠ རྒྱང་རྒྱུགས་ཁྲོད་གསེར་གྱི་རྟགས་མ་བླངས་ཡོད་ཅིང་། རྒྱང་རྒྱུགས་ཚར་དུས་བུད་མེད་དེ་གཉིས་ཕན་ཚུན་འཐམས་ནས་དགའ་སྤྲོ་བྱེད་དུས་བརྒྱབས་པའི་པར་ཞིག་སྤྱི་ཚོགས་དྲྭ་ལམ་ཐོག་ཁྱབ་ནས། བུད་མེད་དེ་གཉིས་ཀྱི་ལུས་ལ་ཨང་གྲངས་དྲུག་པ་ཞིག་དང་གཞན་གྱི་ལུས་ལ་ཨང་གྲངས་བཞི་པ་ཞིག་བཏགས་ཡོད་པར་བརྟེན། པར་དེ་ཡིས་དྲུག་བཞིའི་དོན་རྐྱེན་རྗེས་དྲན་བྱེད་ཀྱི་ཡོད་ཚུལ་སོགས་བརྗོད་ནས་དྲྭ་ཐོག་ཏུ་གླེང་སློང་ཆེན་པོོ་བྱེད་བཞིན་ཡོད་འདུག པར་དེ་གཉིས་ཐོག་མར་རྒྱ་ནག་གཞུང་གི་གསར་ཁང་(CCTV)ཡིས་(Weibo)ཐོག་སྤེལ་ཡོད་འདུག

ཡོངས་གྲགས་སུ་དྲུག་བཞིའི་དོན་རྐྱེན་ཟེར་བ་ནི་ཕྱི་ལོ་༡༩༨༩ ཟླ་བ་༦ ཚེས་༤ ཉིན་རྒྱ་ནག་གི་གནམ་སྡེ་སྒོ་མོའི་ཐང་ཆེན་དུ་སློབ་མ་སྟོང་ཚོ་མང་པོ་འཛོམས་ནས་ངོ་རྒོལ་བྱས་པ་དང་། རྒྱ་ནག་ནང་རང་དབང་དང་དམངས་གཙོ་དགོས་པའི་རྒྱ་གཞུང་ལ་རེ་འདུན་བཏོན་ཡོད་ཀྱང་། རྒྱ་གཞུང་ནས་སློབ་མའི་ཐོག་དྲག་གནོན་ཚབས་ཆེན་བྱས་ནས་སློབ་མ་སྟོང་ཕྲག་འགའ་ཤས་དམར་གསོད་བཏང་བ་དང་། བརྒྱ་ཕྲག་མང་པོ་བྲོས་བྱོལ་དུ་འགྲོ་དགོས་བྱུང་ཡོད་པར་བརྟེན། ལོ་ལྟར་དྲུག་བཞིའི་དོན་རྐྱེན་ཟེར་བ་སྤྱི་ཟླ་༦ ཚེས་༤ ཉིན་དུས་དྲན་བྱེད་ཀྱི་ཡོད། པར་དེ་ཧོང་ཀོང་ནང་ཡོད་པའི་(Reddit)ཟེར་བའི་སྤྱི་ཚོགས་དྲྭ་ལམ་ཞིག་གི་ཐོག་ཁྱབ་བསྒྲགས་ཆེན་པོ་ཕྱིན་ཡོད་འདུག པར་རིགས་དེ་ལ་མཆན་འབྲི་མཁན་འགའ་རེས་བརྗོད་དོན་ལ་ད་ཡང་ཕྱི་ཕྱོགས་ཨ་རི་ནས་དངུལ་བླངས་ནས་ཐེངས་འདིའི་རྩལ་འགྲན་ནང་རྙོག་གྲ་བཟོ་འདོད་ཡོད་པ་རེད་ཅེས་དང་། ཡང་གཞན་ཞིག་གིས་གནད་དོན་ཆུང་ཆུང་ཞིག་གིས་རྐྱེན་པའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ལ་གནོད་འཚེ་གཏོང་འདོད་ཡོད་པ་རེད་ཅེས་མཆན་བྲིས་ཡོད་འདུག པར་དེ་དྲྭ་ཐོག་ལ་ཁྱབ་རྗེས་(Wu)དང་(Lin)ཟེར་བའི་རྩེད་འགྲན་པ་གཉིས་དང་རྩེད་མོའི་དོ་དམ་པའི་བར་གླེང་སློང་བྱུང་ནས་རྒྱང་རྒྱུགས་དེ་ཚར་རྗེས། རྩེད་མོ་གཞན་དག་འགོ་འཛུགས་མ་ཐུབ་ནས་སྐར་མ་མང་པོ་རྗེས་ལུས་ཐེབས་ཡོད་འདུག་པ་དང་། (Wu)ཟེར་བའི་བུད་མེད་དེ་ཡིས་རྩེད་མོའི་དོ་དམ་པ་དང་ལྷན་དུ་ཁ་རྩོད་ཤོར་ནས་དེ་རྗེས་ཀྱི་རྩེད་མོའི་ནང་ནས་མོ་ཕྱིར་འཕུད་བཏང་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།