ལོ་ལྔའི་རིང་དྲག་སྤྱོད་གཏོར་སྐྱོན་གྱི་དོན་རྐྱེན།
༢༠༠༦།༣།༧ ཉིན་ཝ་ར་ཎ་སིའི་གྲོང་ཁྱེར་ནང་དུ་འབར་རྫས་གསུམ་གྱིས་ཉུང་མཐར་མི་༡༥ བསད་པ་དང༌། ༦༠ ལྷག་ལ་སྨས་སྐྱོན་ཕོག་ཡོད། ༢༠༠༦།༧།༡༡ ཉིན་རྒྱ་གར་གྱི་གྲོང་ཁྱེར་མོམ་བྷེ་ཡི་མེ་འཁོར་འབབ་ཚུགས་སུ་འབར་རྫས་བདུན་གྱིས་མི་གྲངས་༡༨༠ ལྷག་བསད་ཡོད་འདུག
༢༠༠༦།༩།༨ ཉིན་རྒྱ་གར་མོམ་བྷེའི་ཉེ་འགྲམ་ས་ཁུལ་ཞིག་ཏུ་འབར་རྫས་བསྟུད་མར་ཀྱིས་བཙན་རྒོལ་བྱས་ནས་ཉུང་མཐར་མི་གྲངས་༣༢ བསད་ཡོད། ༢༠༠༧།༢།༡༩ པ་ཀི་སི་ཐན་ནས་རྒྱ་གར་དུ་ཡོང་མཁན་གྱི་མེ་འཁོར་ཞིག་ལ་འབོམ་གཉིས་གཡུག་ནས་མགྲིམ་འགྲུལ་བ་༦༦ ལྷག་བསད། ༢༠༠༧།༥།༡༨ ཉིན་ལ་ཧ་ཡེ་རྡར་བྷ་དའི་མངའ་སྡེའི་ནང་འབོམ་གཅིག་བཏོར་ནས་མི་གྲངས་༡༡ བསད་པ་དང༌། དེའི་རྐྱེན་པས་ཆོས་ལུགས་དབར་འཇིགས་སྐུལ་ཆེན་པོ་བྱེད་རེས་ཀྱིས་དཀའ་རྙོག་ཆེན་པོ་བྱུང་ཡོད། ༢༠༠༧།༨།༢༥ ཉིན་ཡང་ཧར་རྡར་བྷ་དའི་མངའ་སྡེའི་ནང་འབར་རྫས་གསུམ་འཆར་གཞི་སྒྲིག་ནས་གཡུགས་པ་དང་མི་གྲངས་༤༠ ལྷག་བསད་འདུག།
༢༠༠༨།༥།༡༣ ཉིན་ཇ་ཡེ་པུར་གྲོང་ཁྱེར་ནང་འབོམ་གསུམ་གཡུགས་ནས་མི་མང་༦༣ ལྷག་བསད། ༢༠༠༨།༧།༢༥ ཉིན་བྷེང་ལོར་གྲོང་ཁྱེར་གཡས་གཡོན་ནང་འབར་རྫས་ཆུང་ངུ་བརྒྱད་ཀྱིས་བུད་མེད་ཅིག་བསད་པ་དང༌། ཁྱོན་མི་གྲངས་༡༥ ལྷག་བསད་ཡོད། ༢༠༠༨།༧།༢༦ ཉིན་ཉུང་མཐར་འབར་རྫས་༡༦ ལྷག་བཏོར་ནས་མི་གྲངས་༤༥ ལྷག་བསད་པ་དང༌། ༡༦༡ རྨས་སྐྱོན་བྱུང་ཡོད། ༢༠༠༨།༩༡༣ ཉིན་རྒྱ་གར་རྒྱལ་ས་རྡི་ལིར་འབོམ་ལྔ་ལྷག་ཙམ་བཏོར་ནས་མི་གྲངས་༢༠ ལྷག་བསད་པ་དང༌། བརྒྱ་ལྷག་སྨས་པ་ཡོད་ལ་དེའི་ནང་བོད་མི་གསུམ་རྨས་སྐྱོན་ཕོག་ཡོད་ཚུལ་ཐོན་ཡོད། ༢༠༠༨།༡༠།༣༠ ཉིན་ཨ་སམ་གྱི་གྲོང་ཁྱེར་ནང་ཉུང་མཐའ་འབོམ་བདུན་ཙམ་གཡུགས་ནས་མི་མང་༧༠ ཙམ་བསད་པ་དང༌། ༣༣༥ ཙམ་རྨས་འདུག ཁྱོན་༢༠༠༣།༣།༡༣ ནས་༢༠༠༨།༡༡།༢༦ ནས་༢༩ བར་ལ་མི་གྲངས་༡༨༣ བསད་པ་དང༌། ༣༠༠ ལྷག་ལ་རྨས་སྐྱོན་ཕོག་ཡོད།།