བོད་ལོངས་ཤོག རྒྱ་གར་ལོངས་ཤོག
ཁོང་གིས་དེ་སྔོན་བོད་དོན་ཆེད་རང་གི་ཟུངས་ཁྲག་གིས་ཡི་གེ་འདྲ་མིན་བྲིས་ཏེ། དྲིལ་བསྒྲགས་དང༌། རྒྱ་གར་གཞུང་གི་དབུ་འཛིན་རྣམ་པར་སྙན་ཞུ་ཕུལ་བ་སོགས་ཕྱག་ལས་མང་པོ་གནང་ཡོད་པ་ ལྟར། ཁོང་གིས་དུས་རྒྱུན་བོད་རང་བཙན་ནི་རྒྱ་གར་གྱི་བདེ་འཇགས་རེད་ཅེས་བརྗོད་ཀྱི་ ཡོད་པ་དང༌། ཐེངས་འདིའི་གོམ་བགྲོད་དེ་རྒྱལ་ས་ལྡི་ལིར་མཇུག་བསྡུ་གནང་འཆར་ཡོད་འདུག།