བྷེང་ལོར་དུ་གཞོན་ནུའི་འགོ་ཁྲིད་ཟབ་སྦྱོང་ཐེངས་དགུ་པ།

སྤྱི་ཁྱབ་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ནས་ཟབ་སྦྱོང་འདི་ནི་ཆེད་ དུ་བོད་རིགས་གཞོན་སྐྱེས་རྣམས་ལ་བོད་འདི་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་ཡིན་པ་ དང༌། དེའི་རྒྱུ་མཚན་གནས་ལུགས་རང་གིས་ཧ་གོ་བ་དང་གཞན་ལ་བཤད་ཐུབ་ཡོང་ཆེད་གཙོ་བོ་ དམིགས་ཡོད་པ་དང༌། གཞན་ད་ལོ་དམིགས་བསལ་སྔར་དང་མ་འདྲ་བའི་དགེ་འདུན་པ་རྣམས་པ་མཉམ་ཞུགས་ཡོང་ཐབས་ བྱས་པས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་རྩ་དོན་དེ་སྐྱ་སེར་ཕོ་མོ་ཟེར་བ་མེད་པར་ བོད་པ་ཚང་མར་འགན་ཡོད་པ་ཞིག་ཡིན་པས་རེད་ཅེས་སོགས་གཏམ་བཤད་གནང་སོང༌། དེ་བཞིན་སྐུ་མགྲོན་གཙོ་བོ་མཆོག་གིས་ྋགོང་ས་མཆོག་གི་མ་འོངས་པའི་དགོངས་ཚུལ་ ཟེར་བའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་སྐབས། ྋགོང་ས་མཆོག་གི་༡༩༩༢ ལོར་མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་དང་རྩ་ཁྲིམས་སྙིང་བསྡུས་ནི་ྋགོང་ས་ མཆོག་གི་མ་འོངས་པའི་དགོངས་གཞི་དངོས་གནས་དེ་རེད་ཅེས་དེ་སྐོར་ལ་ཕྱོགས་བསྡུས་ བཀའ་སློབ་གནང༌། ད་དུང་དེང་སང་བོད་པའི་གཞོན་སྐྱེས་ཞིག་ཡིན་ན་ངེས་པར་དུ་སོ་སོ་ལ་རང་ཉིད་བོད་ པ་ཞིག་ཡིན་བསམ་པའི་སྤོབས་པ་དགོས་པ་རེད། དེ་སླེབ་པར་བྱེད་པ་ལ་བོད་ཟེར་བ་དེ་རྒྱལ་རབས་ལོ་རྒྱུས་ཐོག་ག་འདྲ་ཡིན་མིན་དང་ རིག་གཞུང་གོམས་སྲོལ་སོགས་ངེས་པར་ཤེས་དགོས་པ་རེད། གཉིས་པ་དེང་སྐབས་ང་ཚོས་རང་བཙན་ཤོར་ནས་བོད་གཞིས་བྱེས་གཉིས་སུ་གྱེས་པའི་མི་ ཡུལ་རང་ཡུལ་ཀུན་ཏུ་དཀའ་སྡུག་མྱོང་བཞིན་ཡོད་པའི་ན་ཚ་སེམས་ལ་ཡོད་དགོས་པ་རེད། གསུམ་པ་རང་བཙན་ལེན་འདོད་དང་སོ་སོའི་ཕ་ཡུལ་ལ་བདག་པོ་བྱེད་པར་གདོང་ལེན་དང་ འཐབ་རྩོད་བྱེད་བསམ་པའི་སེམས་ཤུགས་དགོས་པའི་སློབ་སྟོན་གནང༌། ཉིན་རྒྱབ་དབུས་གཞོན་ནུའི་ཚོགས་གཞོན་ཟུར་པ་བློ་བཟང་ཡེ་ཤེས་ལགས་ཀྱིས་མ་འོངས་ རང་བཙན་གྱི་མདུན་ལམ་ཞེས་པའི་བརྗོད་གཞིའི་ཐོག འདས་པའི་བོད་ཀྱི་བདེན་དོན་འཐབ་རྩོད་བྱས་པའི་བརྒྱུད་རིམ་དང༌། ཨ་རི་གཙོས་པའི་ཕྱི་རྒྱལ་བ་དག་གིས་བོད་དོན་དོན་ལ་རྒྱབ་སྐྱོར་བྱས་པའི་དམིགས་ ཡུལ་སྐོར་སོགས་དང་འབྲེལ་བའི་མ་འོངས་པ་སོ་སོ་རང་མི་རིགས་ཀྱིས་བོད་དོན་འཐབ་ རྩོད་བྱེད་དགོས་པ་དང་དེ་ཡང་གཙོ་བོ་བྱེད་སྤོབས་དང་སྒྲུབ་ནུས་བཅས་ཀྱི་གདེང་ ཚོད་དང་གྲ་སྒྲིག་དགོས་པ་སོགས་གསུངས་བཤད་གནང༌། ཕྱི་དྲོ་རང་དབང་ཉམས་ཞིབ་པ་ཀླུ་མཁར་བྱམས་ལགས་ཀྱིས་ཉེ་ཆར་བོད་ནང་བྱུང་བའི་ གནས་ཚུལ་གྱི་འབྱུང་ཁུངས་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་ཡོད་པ་རེད། བགྲོ་གླེང་དེར་མཐོ་སློབ་ཁག་དང་དགོན་སྡེ་ཁག ད་དུང་ཚོགས་སྡེ་ཁ་ཤས་བཅས་ནས་ཕེབས་པའི་ན་གཞོན་བརྒྱད་ཅུ་ཙམ་བྱུང་ཡོད་པ་དང་ ཐམས་ཅད་དང་འདོད་ཆེན་པོས་བགྲོ་གླེང་ལ་ཉན་པ་དང་དྲི་བ་དྲིས་ལན་ཡང་འཁྲུག་པོ་ བྱེད་ཀྱི་འདུག བགྲོ་གླེང་དེ་ཉིན་དྲུག་ལ་ཡོད་པ་དང་གཏམ་གཤད་པ་རྒྱ་གར་དང་བོད་ཀྱི་དགེ་རྒན་ མཁས་དབང་སོགས་གྲངས་བདུན་ཙམ་ཕེབས་ཀྱི་ཡོད་པ་རེད།། མེ་སོར་གསར་འགོད་པ་བཀྲ་ཤིས་བདེ་ལེགས་ཀྱིས་བྷེང་ལོར་ནས།