བོད་ཀྱི་གསོ་རིག་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་དུས་དྲན།

དེར་ཆོས་རིག་བཀའ་བློན་མཆོག་གིས་གསུང་དོན། རྒྱལ་སྤྱིའི་གསོ་བ་རིག་པའི་ནང་ནས་ནང་པ་སངས་རྒྱས་པའི་གསོ་རིག་འདི་ཉིད་དམིགས་བསལ་བ་ཞིག་ཆགས་བསྡད་ཡོད་རེད་ཅེས་དང༌། ལྷག་བསམ་དང་སེམས་ཤུགས་ཀྱིས་ལས་ཀ་བྱས་ན་དཔལ་འབྱོར་གྱི་དཀའ་ངལ་ཞོར་དུ་སེལ་ཐུབ་པ་ཞིག་ཡིན་པ་ང་རང་གིས་ཡིད་ཆེས་བྱེད་ཀྱི་ཡོད། རླབས་ཆེན་གྱི་བྱ་བ་ཞིག་སྒྲུབ་པའི་སྐབས་སུ་དཔལ་འབྱོར་དགོས་པ་ཞིག་ཡིན་ཡང༌། དཔལ་འབྱོར་མཁོ་སྒྲུབ་གཙོ་བོར་འཛིན་པ་ནི་ཐབས་སྐྱོ་པོ་རེད། ང་ཚོའི་སྤྱི་ཚོགས་ནང་སྐབས་རེ་ཕྱི་རྒྱལ་གྱི་རོགས་ཚོགས་དང་མཐུན་རྐྱེན་ལ་བརྟེན་ནས་འཆར་གཞི་དྲ་རྒྱས་པོ་དང༌། རྒྱས་སྤྲོས་ཆེན་པོ་བྱེད་པའི་གོམས་གཤིས་ཤིག་ཡོད་རེད། ལས་ཀ་བྱེད་པ་ལས་འཆར་གཞི་གཏིང་བ་རྒྱ་ཆེན་པོ་བྱས་ན་ཡག་པོ་མེད་པ་རེད། བཙན་བྱོལ་སྤྱི་ཚོགས་ལ་དཔག་པའི་ད་ལྟའི་སྨན་རྩིས་ཁང་འདི་ཡག་པོ་ཞེ་དྲག་རེད། ལས་ཀ་བཟང་པོ་ཞིག་ཡོད་ན་དཔལ་འབྱོར་གྱི་དཀའ་ངལ་ལ་ཐུག་གི་འདུག་ཟེར་ནས་གཡུག་འཇོག་རྒྱུ་ཡོད་མ་རེད། ལས་ཀ་བཟང་པོ་ཞིག་གང་ཡོད་པ་དེར་དཀའ་ལས་ཤིག་ཡོད་པ་འཇིག་རྟེན་ཆོས་ཉིད་རེད་ཅེས་སོགས་བླང་དོར་གྱི་གསུང་བཤད་གནང་བ་དང༌། སྨན་པའི་ལྷན་ཚོགས་ཀྱི་ངོས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་སོགས་མཛད་སྒོ་མཇུག་སྒྲིལ་ཡོད་པ་རེད།