སྐད་ཅིག་མ་གསུམ།

 

གཉིས་པ།

དུག་ལྔའི་བཙོ་བསྲེག་བྱས་པའི་སེམས་པ་འདི།།

ངལ་གསོ་མི་སྟེར་ཆགས་རྩའི་འཕར་ལྡིག་གིས།།

སྲེད་པའི་རྨི་ལམ་རྨིས་པའི་རི་གྲོང་དུ།།

ཁེར་རྐྱང་སྣང་བ་སྐྱོ་ལ་སུ་ཡིས་གསོ།།

གསུམ།

ཡིད་སེམས་རྦ་རླབས་བཞིན་དུ་འཕྱོ་ཐེངས་རེ།།

དྲན་འཛིན་མེ་ལོང་ངོས་ན་ཤར་བའི་གཟུགས།།

བརྗེད་པར་དགོས་ཀྱང་འཆི་གསོན་ཚོར་སྣང་གིས།།

འཆི་ན་མ་གཏོགས་མིག་ཟུང་མི་བཙུམ་སྐད།། 

༣༡།༨།༠༦