ཨ་རིའི་སྲིད་འཛིན་གསར་པ་ཨོ་བྷ་མ་ལས་གནས་ལ་མ་ཞུགས་སྔོན་གྱི་ལས་འཆར།
དེ་ནས་ཕོ་བྲང་དཀར་པོའི་སྲང་ལམ་ནས་ཕེབས་བསྐྱལ་ཞུས་ཏེ་སྲིད་འཛིན་བྷུ་ཤི་དང་ཁོང་གི་བཟའ་ཟླ་སོགས་ལྷན། སྲིད་འཛིན་གསར་རྙིང་གཉིས་ཀྱིས་ཚོགས་འདུ་སྟབས་བདེ་ཞིག་འཚོག་རྒྱུ་ཡིན་པ་རེད།
གསུམ་པ་སྲིད་འཛིན་གསར་རྙིང་གཉིས་ཨ་རིའི་རྒྱལ་ཚོགས་ཚོགས་ཁང་དུ་ཞུགས་རྒྱུ།
དེ་ཡང་ཕྱི་ལོ་ ༡༨༣༧ ནས་ཨ་རིའི་རྒྱལ་ཚོགས་ཚོགས་ཁང་དུ་སྲིད་འཛིན་གྱིས་དམ་བཅའ་ཕུལ་པའི་སྲོལ་ཐོག་མར་བཏོད་པ་ལྟར། དེ་རིང་ཡང་སྲིད་འཛིན་གསར་རྙིང་གཉིས་ཀྱིས་ཟླ་འདིའི་ཚེས་ ༢༠ རེ་གཟའ་མིག་དམར་ཕྱི་དྲོ་ཆུ་ཚོད་ ༡༠པའི་ཐོག་ཨ་རིའི་རྒྱལ་ཚོགས་ཚོགས་ཁང་དུ་ལག་འཛིན་ཉོས་པའི་ལྟད་མོ་བ་ ༢༤༠༠༠༠ ལྷག་ཙམ་འཛོམས་སར། སྲིད་འཛིན་དམ་འབུལ་གྱི་མཛད་སྒོ་དངོས་སུ་དབུ་འཛུགས་བྱེད་རྒྱུ་ཡིན་པ་རེད།
བཞི་པ་རོལ་དབྱངས་དང་གསོལ་འདེབས།
ཐོག་མར་མཛད་སྒོ་དབུ་འབྱེད་བྱེད་སྐབས་རྒྱལ་མོའི་རྣམ་ཤེས་ཟེར་བའི་རོལ་དབྱངས་སོགས་འབུད་དཀྲོལ་བྱས་རྗེས་གསོལ་འདེབས་སྨོན་ལམ་ཞུ་རྒྱུ་དང༌། དེ་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་འབྲེལ་ཡོད་ཁྲིམས་ཞིབ་པ་བརྒྱུད་ནས། སྲིད་འཛིན་ཨོ་བྷ་མའི་བློན་ཆེན་ཇའ་བྷི་དན་གྱིས་དམ་འབུལ་ཞུ་རྒྱུ་ཡིན་པ་དང༌། མཐར་སྲིད་འཛིན་བྷུ་ཤི་ཕྱོགས་གཅིག་ལ་བསྡད་དེ་སྲིད་འཛིན་གསར་པ་ཨོ་བྷ་མས་ལག་པ་ཡི་ཤུའི་ཆོས་གཞུང་ཐོག་བཞག་སྟེ། ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གི་སྤྱི་ཁྱབ་ཇོན་རབྷིར་ཏིའི་མདུན་དུ་དམ་འབུལ་ཞུ་རྒྱུ་ཡིན་ཞིང༌། ཡི་ཤུའི་ཆོས་གཞུང་ཐོག་སྲིད་འཛིན་གྱི་ལག་པ་བཞག་ནས་དམ་འབུལ་ཞུ་བའི་སྲོལ་འདི། ཕྱི་ལོ་ ༡༨༦༡ ལོར་སྲིད་འཛིན་ཨབྷི་རམ་ལིན་ཁོལ་ནས་བྱུང་བ་ཞིག་ཡིན་པ་རེད།
ལྔ་པ་གཏམ་བཤད་དང་སྨོན་འདེབས།
མཛད་སྒོ་མཇུག་བསྡུ་སྐབས་སྲིད་འཛིན་གསར་པས་གཏམ་བཤད་རིང་པོ་བྱེད་འཆར་མེད་ཀྱང༌། སྐད་གྲགས་ཆེ་བའི་སྙན་རྩོམ་འགའ་གྱེར་འདོན་བྱེད་རྒྱུ་དང༌། དེ་ནས་འབྱུང་འགྱུར་གྱི་ལས་འཆར་ཡོངས་རྫོགས་བསམ་འདུན་བཞིན་ལེགས་འགྲུབ་ཡོང་བའི་སྨོན་འདུན་དང་བཅས་མཛད་སྒོ་མཇུག་བསྡུས་འཆར་ཡོད་པ་རེད།