རྒྱ་ནག་ཏུ་འོ་མའི་དུག་རྫས་ཀྱི་དཀའ་ངལ།
དེ་ཡང་གནད་དོན་འདི་འབྱུང་རྩ་གཙོ་བོ་ནི་འོ་མ་ཐོན་སྐྱེད་ཀྱི་ཆེད་དུ་ཆུ་དང༌། ཡུན་རིང་ཉར་ཚགས་ཀྱི་ཆེད་དུ་རྫས་རིགས་བསྲེ་བསླད་མང་དྲགས་པས། འོ་མ་ཕོན་ཆེན་རུལ་སོང་བའི་རྐྱེན་ལས་བྱུང་བ་ཡིན་པར་བརྗོད་འདུག དཀའ་ངལ་འདི་ལོ་སྔོན་མའི་ཕྱི་ཟླ་ ༥ པའི་ནང་ཐོག་མར་བྱུང་ཡོད་པ་དང༌། དེ་རྗེས་ཟས་རིགས་བདེ་འཇགས་ལྷན་ཚོགས་ཟེར་བ་ཞིག་བཙུགས་ནས། ཟླ་བ་ ༨ ཚེས་ ༢ ཉིན་བཟོ་གྲྭ་དེའི་འོ་མ་ཐོན་སྐྱེད་བཀག་བསྡོམས་བྱས་ཡོད་ཀྱང༌། གནས་ཚུལ་གསལ་ཁ་མེད་པའི་ཐོག་ནས་སླར་ཡང་ཐོན་སྐྱེད་ཀྱི་འགོ་འཛུགས་བྱས་པ་རེད་འདུག
མི་མང་གིས་ཁྲིམས་གཏུག་དང་ངོ་རྒོལ་ཤུགས་ཆེར་བྱས་པའི་རྐྱེན་གྱིས། ཚོང་འབྲེལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོས་གོང་བརྗོད་དུག་རྫས་ཤོར་བའི་འོ་མའི་བཟོ་གྲྭའི་ཚབ་བྱས་ཏེ། སྲོག་སྐྱོན་ཤོར་བའི་ཕྲུ་གུའི་ནང་མི་དང་ཕྲུ་གུ་ནད་པ། ཁྲིམས་གཏུག་པ། ངོ་རྒོལ་བ་ཚང་མར་དགོངས་སེལ་ཞུས་ཡོད་འདུག གསར་འགོད་པས་པེ་ཅིང་དུ་མི་མང་ཧ་ཅང་ཁོང་ཁྲོ་ལངས་ཡོད་པ་དང༌། ཁོང་ཚོས་སྡུག་སྐད་རྒྱག་བཞིན་པ་ནི་དཔོན་རིགས་ཚོས་མི་མང་གི་རེ་འདུན་སྒྲུབ་ཀྱི་མེད་པ་དང༌། འོ་མའི་བཟོ་གྲྭ་དང་འབྲེལ་ཡོད་ཁྲིམས་འགལ་བ་ཚོར་ཉེས་ཆད་གཅོད་དགོས་པའི་འབོད་ཚིག་བསྒྲགས་ཡོད་འདུག ཧྲི་ཅཱ་ཀྲང་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་ནས་བཟོ་གྲྭའི་འགོ་འཛིན་གཉིས་ལ་སྲོག་ཁྲིམས་དང༌། གཅིག་ཚེ་བཙོན། དོ་དམ་མི་སྣ་དྲུག་ལ་ལོ་ལྔ་ནས་བཅོ་ལྔ་བར་གྱི་ཁྲིམས་ཐག་བཅད་ཡོད་པ་རེད་འདུག།
་