དྷ་ས་དཔེ་མཛོད་ཁང་གི་ལས་ཤག་ཏུ་མེ་སྐྱོན།

ཀྱང ཅུང་ཙམ་ནས་མེ་གསོད་བྱེད་ཀྱི་ཆུ་རྫོགས་ནས་མི་རྣམས་ཅི་བྱེད་འདི་བྱེད་མེད་པར་སྒུག་དགོས་བྱུང་བ་དང༌། དེ་རྗེས་ཙམ་ནས་ཡང་བསྐྱར་རླངས་འཁོར་ཞིག་འབྱོར་ཡོད་ཀྱང་མེས་ཚིག་རྒྱུ་རྣམས་ཚིག་ཚར་བ་དང༌། མི་གྲོངས་རྒྱུ་གྲོངས་ཚར་ཡོད་པ་རེད། མེ་གསོད་མི་སྐྱོབ་ཀྱི་ལས་ཀ་དུས་ཐོག་ཏུ་མ་བྱུང་བར་བརྟེན། དཔེ་མཛད་ཁང་གི་ལྷ་བྲིས་དགེ་རྒན་སངས་རྒྱས་ཡེ་ཤེས་ལགས་མེས་ཚིག་ནས་འདས་གྲོངས་སུ་སོང་ཡོད་པ་རེད།

སྐབས་དེར་ཁང་པ་ཉིས་ཐོག་ལ་མེ་ཤོར་བ་དང༌། ཐོག་ཁར་ལྕགས་ཤོག་ཡིན་སྟབས་མེ་གསོད་རྒྱུར་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་རེད། གོ་ཐོས་བྱུང་བ་ལྟར་ན། དང་ཐོག་རྒན་དམ་པ་དེའི་ཐབ་ཚང་ནས་མེ་ཤོར་བ་ཡིན་ཚུལ་འདུག མེ་ཤོར་རྐྱེན་གསལ་བོ་མེད་པ་རེད། རྒན་དམ་པ་དེ་ཉིད་དགུང་ལོ་༨༦ ཙམ་ཟིན་གྱི་ཡོད་པ་དང་ཕྱི་ལོགས་སུ་འགྲོ་རྒྱུར་དཀའ་ངལ་ཡོད་པ་ཞིག་ཡིན་པ་རེད་འདུག དེ་ཉིན་རྒྱ་གར་མང་གཙོ་དུས་ཆེན་གྱི་ཉིན་མོ་ཁེལ་བས་གུང་གསེང་ཡིན་པར་བརྟེན། ཁྱིམ་མཚེས་ཁག་ཀྱང་མེད་པས་ལམ་སེང་མེ་ཤོར་ཡོད་པ་ཡང་ཧ་གོ་མི་འདུག ཕྱི་དྲོའི་ཆུ་ཚོད་༤ དང་ཕྱེད་ཀ་ཙམ་ལས་མེ་གསོད་ཐུབ་མེད་པ་དང༌། དེའི་སྐབས་དགེ་རྒན་གྱི་ཕུང་པོ་ཡང་རྒྱུ་མ་དང་རུས་པ་ཅུང་ཙམ་ལས་ལྷག་མི་འདུག དེ་ནས་གཞི་ནས་རྒྱ་གར་ཉེན་རྟོག་པ་ཁ་ཤས་ཤིག་ཡོང་ནས་ཕུང་པོ་དེ་ཉིད་བརྟག་དཔྱད་བྱེད་སར་ཁྱེར་ཡོད་པ་རེད།   ལྷ་ བྲིས་མཁས་ཆེན་རྒན་སངས་རྒྱས་ཡེ་ཤེས་ནི་ཁམས་ཏྲེ་ཧོར་རྫ་ཁོག་ཏུ་འཁྲུངས་ཤིང༌། ལྷ་བྲིས་མཁས་ཆེན་བློ་བཟང་དོན་གྲུབ་ཀྱི་ཞབས་ལ་གཏུགས་ནས་ལོ་༡༤ རིང་ལྷ་བྲིས་སྒྱུ་རྩལ་ལ་སྦྱངས་པ་གནང་ཡོད་པ་དང༌། བཙན་བྱོལ་དུ་ཕེབས་ནས་ལྷ་བྲིས་ཀྱིས་ཕྱག་ལས་གནང་ནས་བོད་ཀྱི་སྲོལ་རྒྱུན་སྨན་ བྲིས་སྒྱུ་རྩལ་ལ་དགུང་གྲངས་༡༤ ནས་༨༢ བར་མི་ལོ་༦༨ རིང་རིགས་གཅིག་རྐང་འཛིན་གྱིས་སློབ་སྦྱོང་དང་རྒྱུན་འཛིན་སློབ་མ་གྲངས་མང་ སྐྱེད་སྲིང་གནང་བ་སོགས་བོད་ཀྱི་ཐང་བྲིས་སྒྱུ་རྩལ་ལ་ཕྱག་རྗེས་བླ་མེད་བཞག་ ཅིང་ད་ཆ་དགུང་གྲངས་86 སུ་ཕེབས་པའི་ལྷ་བྲིས་མཁས་དབང་ཞིག་རེད།།