རྨོག་རུའི་དོན་ཚན་བདུན་པ་མ།

༡། ཧོར་གཙང་འཇིགས་མེད་ལགས་ཀྱི་ལོ་རྒྱུས་རྩོམ་སྒྲིག་སྐབས་སུ་ངེད་ཀྱིས་རོགས་པ་བྱས་པ་ཡིན་ལ། དཔལ་ལྡན་སྐུ་སྒེར་ཡིག་ཚང་གི་བཀའ་ཡིག་བརྒྱུད་མི་གཉིས་ལ་རོགས་རམ་དགོངས་པ་ཞུས་པ་ཡིན། དགེ་བསྐོས་ནས་ངེད་ཀྱིས་སྐུ་སྒེར་གྱི་བཀའ་ཡིག་རྫུན་མས་ཁོ་ལ་འགྲེལ་བཤད་བརྒྱབ་ཡོད་པར་བཤད་པ་དེ་སྐྱག་རྫུན་ཁོ་ན་ཡིན།  དེའི་སྐབས་ཀྱི་སྐུ་སྒེར་ཡིག་ཚང་གི་བཀའ་ཡིག་དེ་རྫུན་མ་གང་ཡང་མིན་ལ།  དཔལ་ལྡན་སྐུ་སྒེར་ཡིག་ཚང་གི་བཀའ་ཡིག་ངོ་མ་ཡིན་པ་སྐུ་སྒེར་ཡིག་ཚང་དུ་ཁ་པར་བཏང་ཆོག་པ་ཡིན་ལ།  དགེ་བསྐོས་ལགས་ནས་སྐུ་སྒེར་ཡིག་ཚང་གི་བཀའ་ཡིག་ཡིན་པ་ཙམ་གྱིས་ཧང་སང་བ་ཡོད་པ་མ་རེད་ཞེས་སོགས་མཐོང་ཆུང་གི་སྐད་ཆ་གང་འདྲ་བཤད་མིན་ཁོ་ལ་གསལ་བོར་ངེས་ལ། ༸གོང་ས་སྐྱབས་མགོན་ཆེན་པོ་དཔང་དུ་བཞག་ནས་ངེད་གཉིས་ཀྱིས་མནའ་བསྐྱལ་ཆོག་པ་ཡིན།

༢། ངེད་རང་རང་གཞུང་ཚོགས་ཆེན་དུ་མ་བཅར་བའི་སྔོན་ལ་དགེ་བསྐོས་རྩར་བཅར་ཏེ་དགོངས་སེལ་ཞུས་པ་ཡིན་ལ།  སྐབས་དེ་དུས་དགེ་བསྐོས་ལགས་ནས་ཐུབ་བསྟན་ཚོས་འཕེལ་དང་།  ཡོན་ཏན་རྒྱ་མཚོ་གཉིས་ཀྱི་ངོས་ནས་ཆད་པ་ཁྱེར་ཡོང་དགོས་བཤད་པ་ལས་ང་ལ་ཆད་པ་དགོས་རབས་རྩ་ནས་བཤད་མེད་པ་མ་ཟད་ཁྱེད་རང་གཞུང་གི་ལས་བྱེད་ཡིན་པའི་ཆ་ནས་ཆད་པ་ཡོད་པ་མ་རེད་ཞེས་སོགས་བཤད་ཡོད།  08།11།9ཉིན་གྱི་དགོང་དྲོ་ངེད་ཀྱིས་དགེ་བསྐོས་ལགས་སུ་ཁོ་གཉིས་གསར་བ་ཡིན་པ་དང་།  སྤྱི་ཚོགས་ཀྱི་ལས་དོན་སོགས་ཀྱི་ཉམས་མྱོང་ཡང་མེད་པས་ཁོ་གཉིས་ཀྱིས་ཕྱག་འཚལ་དགོས་པ་སོགས་ཀྱི་ཆད་པ་གང་ཡང་མ་གཅོད་རོགས།  ཁོ་གཉིས་ཀྱི་སེམས་ཤུགས་ཆག་གི་རེད་ཞུས་པ་ཡིན་ལ།  ཐུབ་ཆོས་ལ་གྲྭ་ཚང་གི་སྒྲིག་གཞི་ལྟར་གྱི་ཆད་པ་འཁུར་རྒྱུ་མ་ཟད། ཕྱིན་ཆད་ད་སྔར་ཡོད་པའི་ས་གནས་འགོ་འཛིན་སོགས་ཀྱི་ངོ་སྦྱོར་དགོངས་ཤོག་ཀྱང་རྩིས་མེད་བྱས་ཆོག་ཞེས་སོགས་བཤད་པ་ཡིན་ཀྱང་ཁོ་བོས་ཉན་འཇོག་གང་ཡང་བྱས་མ་སོང་།  ངེད་གཉིས་ཀྱི་རྩོད་པའི་རྩ་བ་ནི་ཡོན་ཏན་རྒྱ་མཚོ་ལ་ཉེས་པ་གང་ཡང་མེད་པ་མ་ཟད།  གཞིས་གྲོང་གསུམ་པར་སོང་ཡང་མེད་པར་ཆད་པ་ཅི་ལྟར་སྤྲོད་དགོས་མིན་དེ་ཡིན།  རྨོག་རུ་བསྟན་པ་ནས་ཆད་པ་སྤྲོད་དགོས་ཞེས་̒པ་དེ་ཕྱི་ལོ་09།1།17 ཉིན་ཚོགས་ནས་མ་གཏོགས་གསལ་བཤད་གང་ཡང་བྱས་མེད། འདི་ཡང་བར་དཔང་བྱེད་མཁན་ཐུབ་བསྟན་ཆོས་འཕེལ་དང་ཡོན་ཏན་རྒྱ་མཚོ་མི་ངོ་མ་ཡོད་ལ་དགེ་བསྐོས་ལགས་དང་ངེད་གཉིས་ལྷ་སྲུང་མའི་སྙན་ཤུལ་ལ་འཇུས་ནས་མནའ་བསྐྱལ་བྱེད་ཐུབ་པ་ཞིག་ཀྱང་ཡིན། འོན་ཀྱང་དགེ་བསྐོས་ལགས་ཀྱིས་ཡོན་ཏན་རྒྱ་མཚོར་ཆད་པ་དགོས་ཞེས་བཤད་མེད་ཟེར་བ་དེ་དོན་དེ་དོན་དངོས་ལ་བསྙོན་བཏབ་པ་ཁོ་ན་ཡིན།

༣། དགེ་བསྐོས་ལགས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་རྒྱལ་གཅེས་དཔའ་བོའི་ཚོགས་སྡེ་མདོ་སྟོད་ཆུ་བཞི་སྒང་དྲུག་སོགས་ཀྱིས་༸གོང་ས་མཆོག་གི་བཀའ་ལ་ཉན་གྱི་མེད་པས་དོལ་རྒྱལ་ཚོགས་པ་དང་གཅིག་མཚུངས་ཡིན་པར་འགྲེལ་བ་དེ་08།10།9 ཉིན་ཚོགས་མང་དབུས་སུ་ཡོངས་ཁྱབ་གསལ་བསྒྲགས་བྱས་ཡོད་ལ། ཕྱི་ལོ08།11ནང་ཛ་དྲག་ཚོགས་ཆེན་སྐོར་ལ་སྒོ་མང྇་གྲྭ་རྒན་གཞོན་བར་གསུམ་ཚང་མ་ཚོགས་འདུ་རྒྱས་འཛོམས་སྐབས་ཟུང་ཆུ་ཁང་ཚན་སྐུ་ཞབས་གངས་རི་ལགས་ཀྱིས་རེ་ཟུང་གིས་བོད་ཀྱི་རྒྱལ་གཅེས་དཔའ་བོའི་ཚོགས་སྡེ་གཞོན་ནུ་ལྷན་ཚོགས་སོགས་དོལ་རྒྱལ་ཚོགས་པ་དང་འདྲ་བོ་རེད་ཅེས་བརྗོད་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་བཤད་པས་གྲྭ་མང་ནས་ལག་པ་རྡེབ་སྐབས་དགེ་བསྐོས་བྱམས་པ་ཁོ་བོས་ཀྱང་གདོང་བ་འཛུམ་ཁུལ་བྱས་ཏེ་ལག་པ་ཐལ་མོ་བརྡབས་ཡོད། འོན་ཀྱང་09།1།18 ཉིན་དགེ་བསྐོས་ནས་ཚོགས་མང་དབུས་སུ་ཁོ་བོས་དེ་སྐད་བཤད་རྒྱུ་མ་བྱུང་ཞེས་པས་གྲྭ་མང་ཧོན་འཐོར་ཏུ་བཅུགས་ཡོད། གང་ལ་ཞེ་ན། དང་པོ་བཤད་ས་སྒོ་མང་གྲྭ་ཚང་གི་ཚོགས་དབུས་ཡིན་ལ། དགེ་བསྐོས་ངེད་ནས་བཤད་རྒྱུ་མ་བྱུང་ཟེར་ས་ཡང་སྒོ་མང་གྲྭ་ཚང་གི་ཚོགས་དབུས་ཡིན། ཆུ་ཚོད་རེ་རེ་བར་ནས་སྐད་ཆ་ལ་འགྱུར་ལྡོག་དང་། རྫུན་གཏམ་ཁོངས་སྒྲིག་བྱེད་པས་དགེ་སློང་འདི་འདྲ་ཞིག་ལ་དཔལ་ལྡན་སྒོ་མང་གྲྭ་ཚང་གི་དགེ་བསྐོས་ཀྱི་ཆ་རྐྱེན་ཚང་མིན་ཀྱང་གྲྭ་མང་ནས་དབྱེ་ཞིབ་བྱེུད་དགོས་པ་ཞིག་རེད།

༤། དགེ་བསྐོས་ནས་རྨོག་རུ་བསྟན་པས་ཚགས་ཤོག་རབ་དང་རིམ་པའི་ནང་སྒོ་མང་གྲྭ་ཚང་གི་མཚན་སྙན་ལ་གཞི་མེད་སྐུར་འདེབས་བྱས་ཏེ་གྲྭ་ཚང་ནག་པོ་བཟོ་རྒྱུ་མེད་ན་མ་གཏོགས་བཟོས་ལུགས་བཤད་པར་ཁུངས་སྐྱེལ་ངེས་བར་དགོས་པ་ཡིན་ལ། གལ་སྲིད་ཁུངས་སྐྱེལ་མེད་པའི་སྐྱག་རྫུན་ཡིན་ཚེ་དགེ་སློང་གི་སྐྱག་རྫུན་བཤད་ན་རུང་མི་རུང་གི་འགྲེལ་བཤད་གྲྭ་མང་ལ་དག་འདོན་བྱེད་དགོས་པ་ཞིག་ཡིན།

༥། 09།1།19ཉིན་བོད་མི་མང་སྤྱི་ཟུར་དང་། ཀླུ་འབུམ་ཁང་ཚན་གྱི་བགྲེས་པ་ལས་ཐོགས། ཕྱག་མཛོད་བགྲེས་གཞོན་སོགས་དགེ་བསྐོས་རྩར་བཅར་ཏེ་རྨོག་རུ་བསྟན་པར་ཁང་ཚན་ནས་ཞུ་ངས་ཡིན་པ་ལྟར་གྱི་ཧིན་སྒོར་1500ཐམ་པ་སྤྲད་རྒྱུ་དང་། མགོན་ཁང་དུ་ཁ་བཏགས་འཐེན་རྒྱུ། ༸གོང་ས་མཆོག་གི་ཁྲི་ཁར་ཁ་བཏགས་འཐེན་རྒྱུ་སོགས་བྱས་ཏེ་ནང་འགྲིག་ཡོང་བར་འབོད་སྐུལ་ཞུས་ཀྱང་ཉན་འཇོག་གང་ཡང་མ་བྱས་པར་མ་ཟད། གོང་དུ་འཁོད་པ་བཞིན་གྱི་དགེ་བསྐོས་ཁོ་བོས་ཚོགས་མང་དབུས་སུ་བཤད་པའི་སྐད་ཆ་བོད་ཀྱི་གཞོན་ནུ་ལྷན་ཚོགས་སོགས་དོལ་རྒྱལ་ཚོགས་པ་དང་ཆ་འདྲ་བ་ཡིན་པར་བཤད་པ་དེ་གཞི་མེད་སྒྲོ་སྐུར་ཡིན་ཞེས་རྨོག་རུ་བསྟན་པས་ཁང་ཚན་ནམ་ཡང་ན་ཚོགས་སྡེ་གང་རུང་བ་ཞིག་གི་ལས་ཤོག་སྟེང་ཕབ་སྟེ་ངེད་ཀྱིས་མཚན་རྟགས་བསྐྱོན་དགོས་པའི་སྔོན་འགྲོའི་ཆ་རྐྱེན་བཤད་ཡོད་པ་རེད། ཚང་མས་སོམས་དང་། འགྲོ་བ་མི་ཡིན་པས་ལ་རྒྱ་ཅན་ཞིག་ཡིན་ཚེ་འདི་ལྟར་གཉའ་གནོན་དང་ཐུབ་ཚོད་ལ་མགོ་སྒུར་བའི་དཔེ་སྲོལ་ཞིག་ཡོད་དམ། འདི་ནི་རྒྱ་ནག་གུང་ཁྲན་གྱིས་བོད་གཞིས་ལས་རྒྱ་ཆེའི་མི་མང་ལ་བཙན་དབང་གིས་༸གོང་ས་མཆོགལ་དགག་རྒྱག་སོགས་རྒྱལ་གཅེས་ཆོས་གཅེས་ཞེས་པའི་ཁ་གཡང་སྙན་མོའི་ལས་འགུལ་སྤེལ་བ་དང་དཔེ་མཚུགས་ཤིག་མ་རེད་དམ།

༦། དགེ་བསྐོས་ཁོ་རང་གིས་རྨོག་རུ་བསྟན་པས་ངེད་ལ་རྣམ་འགྱུར་ཡག་པོ་བསྟན་མ་སོང་ཞེས་དང་། དགེ་བསྐོས་ཁོ་བོར་ཁ་པར་བཏང་བ་དེ་ཁྲིམས་འགལ་ཡིན་ལུགས་བགྲང་བཞིན་ཡོད་མོད། དྲ་རྒྱ་དང་ཁ་པར་བརྒྱུད་ལམ་བཀག་སྡོམ་བྱེད་བཞིན་པའི་རྒྱ་ནག་གུང་ཁྲན་གྱི་བྱ་སྤྱོད་ལ་ངེད་ཀྱིས་ངོ་རྒོལ་བྱེད་བཞིན་ཡོད་ལ། བོང་གཞུང་གི་ལས་བྱེད་གནས་རིམ་སྒང་ནས་སྒོ་མང་དགེ་བསྐོས་ལ་ཁ་པར་བཏང་བ་དེ་ཁྲིམས་འགལ་ཡིན་ལུགས་ཀྱི་ལྟ་ཚུལ་དེ་ནི་བླུན་པོས་རང་ཉིད་ཀྱི་གོ་གནས་ཚད་མ་ཟིན་པ་ཞིག་ཀྱང་ཡིན། བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་དང་རྩ་ཁྲིམས། དེ་བཞིན་དཔལ་ལྡན་སྒོ་མང་གྲྭ་ཚང་གི་བཅའ་ཁྲིམས་གང་དུའང་བླ་མ་ལས་སྣར་སྐད་ཆ་བཤད་པ་དང་། ཁ་པར་བཏང་ཚེ་ཁྲིམས་ཡིག་དོན་ཚན་འདི་དང་འགལ་བ་ཡིན་ཟེར་བ་ཡོད་ཚེ་ངེསབར་གསལ་འདོན་བྱེད་དགོསཔ་ཞིག་ཀྱང་ཡིན། གལ་སྲིད་དེ་ལྟར་ཡོད་ཚེ་ཁྲིམས་ཡིག་དེ་ནི་མང་གཙོ་སྤྱི་ཚོགས་ཀྱི་འགྲོ་ལུགས་ལས་བརྒལ་བའི་ཐལ་སྤྱོད་ཀྱི་བྱ་སྤྱོད་ཞིག་ཡིན་པས་ངེས་པར་འགྱུར་བ་གཏོང་དགོས།

༧། ཕྱི་ལོ་2009།1།20ཉིན་ནི་བོད་ཀྱི་རིག་གཞུང་ཞབས་ཞུ་ཁང་ནང་བསྟན་ཤེས་ཡོན་ལྷན་ཚོགས་དང་། བཙན་བྱོལ་བོད་མིའི་ལྷོ་གཞིས་ཀྱི་གསར་འགོད་གླེངས་སྟེགས་ཆེ་ཤོས་དང་། ཐོག་མ་ཡིན་པ་ལྷོ་ཕྱོགས་ཕོ་ཉ་གསར་ཁང་སྒོ་བརྒྱག་དགོས་པ་དང་། རང་གཞུང་དབུས་སྤྱི་འཐུས་ཀྱི་ཁྱབ་ཁོངས་མོན་གྷོ་འདོད་རྒུ་གླིང་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་གི་ཚོགས་གཙོ། ནང་བསྟན་ཤེས་ཡོན་ལྷན་ཚོགས་དང་ལྷོ་ཕྱོགས་ཕོ་ཉ་གསར་ཁང་གི་སྤྱི་ཁྱབ་འགན་འཛིན་རྨོག་རུ་བསྟན་པ་བོད་ཀྱི་རིག་གཞུང་དང་། བདེན་དོན་གྱི་ལ་རྒྱའི་ཆེད་དུ་སྒོ་མང་དགེ་བསྐོས་མངའ་རི་བྱམས་པ་དོན་ཡོད་ཀྱི་སྒེར་སྤྱོད་དབང་ཆ་ལ་མགོཔ་མ་སྒུར་བར་དཔལ་ལྡན་སྒོ་མང་གྲྭ་ཚང་གི་སྒྲིག་ཁོངས་ནས་དགོངས་པ་རང་ཞུ་བྱས་པའི་ལོ་རྒྱུས་ཀྱི་དེབ་ཐེར་གསར་བ་ཞིག  མ་འོངས་མི་རབས་གསར་བའི་ཕྱིར་དྲན་གྱི་གླེངས་སྟེགས་གལ་ཆེའི་ཞིག་ཀྱང་ཡིན་པ་ལགས་ན་དེ་དོནམ་རྣམ་མངའ་ཡོང་བར་མཁྱེན་མཁྱེན་ཞེས་རྨོག་རུ་སབྟན་པས2009།1།20ཉིན་ཕུལ། ཞེས་འཁོད་འདུག  ཁོང་གི་མ་ཟིན་བཟོ་བཅོས་ཅི་ཡང་མ་བྱས་པར་བཀོད་ཡོད།

  བོན་རྒྱ་བའི་ཕྲན་དཔྱད། ང་ཚོས་དོན་ཚན་བདུན་འདིའི་སྟེང་དྲང་བདེན་ཁོ་ན་དཔང་ལ་བཞག་ནས་བསམ་བློ་ཞིག་བཏང་ན། དགེ་བསྐོས་ལགས་ནི་མཁྲེགས་པོ་ཞིག་དང་སྤྱི་ཚོགས་ཀྱི་འགྲོ་སྟངས་མེད་མཁན་ཞིག་ཡིན་པ་ཤེས་ཐུབ་ཀི། དེ་ལས་ཀྱང་ཉེས་པ་ཆེ་ཤོས་དེ་རྨོག་རུས་འདས་སྔོན་ཁོའི་ཐལ་སྤྱོད་ཀྱི་ཚོགས་གཏམ་ལ་སྐྱོན་བགྲངས་བྱས་པ་གོ་སྐབས་འདི་བཟུང་ནས་གཙང་མ་བྱེད་འདོད་ཀྱི་རྨི་ལམ་ཞིག་རྨིས་པ་དེ་རེད། གཞན་ཕོ་ཉའི་ལས་མི་ཡོན་ཏན་རྒྱ་མཚོ་ཟེར་བ་གྲྭ་ཚང་གི་འགྲིག་གང་དང་ཡང་མ་འགུལ་བར་ཉེས་ཆད་གཅོད་རྩིས་བྱས་པ་དེ་རེད། གཞོན་ནུ་སོགས་དོལ་རྒྱལ་དང་ཆ་འདྲ་བར་བཤད་པ་དང་སྐུ་སྒེར་ཡིག་ཚང་གི་ཡིན་ནའང་ཧང་སངས་པ་ག་རེ་ཡོད་ཅེས་བཤད་པ་དེ་དག་ནི་རྨོག་རུས་གཏིང་ལ་བརྒྱབ་པ་ཞིག་ལས་དགེ་བསྐོས་ལགས་ཀྱིས་སེམས་གཏིང་ནས་འདོད་པ་ཞིག་མིན་པ་མ་ཟད། ༼ སྤྲོ་ཐུང་ཐུང་གིས་རང་དང་། ། ལ་ཐུང་ཐུང་གིས་རྟ། ༽ཟེར་བ་བཞིན་ཁ་ཐུག་གི་ཁོང་ཁྲོ་དབང་གིས་ཤོར་བ་ལས་དགེ་བསྐོས་ལགས་ཀྱིས་བློ་འགྱོད་བྱེད་ཀྱིན་པ་རྗེས་སུ་ཁོས་ཐལ་མོ་བརྡབས་པ་དང་ཚོགས་མང་དབུས་སྐྱག་རྫུན་ཞིག་ཀྱང་ཤོར་སོང་བ་དེ་ལས་ཤེས་ཐུབ་ཀི། གཞན་ཕོ་ཉའི་ལས་མི་ཐུབ་ཆོས་ཟེར་བ་དེར་དགེ་བསྐོས་ཀྱི་དགོངས་ཞུ་མེད་པ་དེ་འགྲིག་གི་མི་འདུག  གཞིས་འགོ་དང་ཕོ་ཉའི་དགོངས་ཤོག་ཡོད་ནའང་དེ་ལ་ངེས་བར་དུ་གྲྭ་ཚང་གི་ཁྲིམས་ཀྱི་བདག་པོས་དགོངས་འཁྲོལ་མེད་ན་འགྲིག་རྒྱུ་མ་རེད། རྨོག་རུས་ཁག་འདི་ལ་བཞག་ནས་ཕོ་ཉའི་སྒོ་བརྒྱབས་པ་དེ་དགེ་བསྐོས་ལ་ནག་པོ་བྱེད་འདོད་ཞིག་གི་བཟོ་ལྟ་གང་ནས་བལྟས་ཀྱང་ཚུར་མངོན་ཡོང་གི་འདུག  གཞན་རྨོག་རུ་ལགས་དང་དགེ་བསྐོས་གཉིས་ལ་གཏིང་རིང་གི་ན་ཚ་ཡོད་ཀི། ཁོང་གཉིས་ཀས་གོ་སྐབས་རེ་བཟུང་ནས་སྙིང་ནད་རྩོད་འདོད་ཡོད་པ་དེ་ཡང་ཁོང་གཉིས་ཀྱི་བྱ་སྤྱོད་ཀྱི་གྲུ་ཟུར་རེ་རེར་ན་འཇུར་ནས་འོང་གིན་འདུག ངས་བལྟས་ན་འདི་འདྲ་ཞིག་རེད།