སུད་སིའི་བོད་མིས་རྒྱ་ནག་གི་སྲིད་བློན་ཝིན་ཅཱ་པོ་ལ་ངོ་རྒོལ།

དེ་བཞིན་གསར་ལམ་ཁག་ནས་བརྗོད་གསལ་ལྟར་ན།  ད་ཐེངས་སུད་སི་སྲིད་གཞུང་གིས་ངོ་རྒོལ་བར་བཀག་འགོག་བྱེད་པ་དེའང་ལོ་བཅུའི་སྔོན་རྒྱ་ནག་གི་སྲིད་བློན་ཅང་ཙེ་མིན་འཚམས་འདྲིའི་སྐབས་ཀྱི་གནས་སྟངས་དང་གཅིག་མཚུངས་མི་ཡོང་བའི་ཆེད་དུ་ཡིན་པ་དང༌། བཤད་སྲོལ་ལྟར་ན་སྐབས་དེར་ཅང་ཙེ་མིན་བོད་མི་རྣམས་ཀྱི་ངོ་རྒོལ་ལ་མ་བཟོད་པར། སུད་སིའི་སྲིད་འཛིན་རུ་ཐི་ཌེ་ཧྥ་སིར་ཁྱོད་

ཚོར་གྲོགས་པོ་ཞིག་ཉུང་དུ་ཕྱིན་ཡོད་པ་རེད། ཁྱོད་ལ་རྒྱལ་ཁབ་འདི་འཛིན་སྐྱོང་བྱེད་པའི་ནུས་ཤུགས་ཡོད་དམ་ཞེས་དྲི་བ་བཏང་མྱོང་བ་དང༌། སྐབས་དེར་ཕྱོགས་གཉིས་ཀྱི་རྣམ་འགྱུར་ཡག་པོ་མ་བྱུང་བ་རེད། ཐེངས་འདིའི་ཝིན་ཅཱ་པོ་ནི་སུད་སི་གཞུང་གི་དཔོན་རིགས་མི་སྣ་ཚོ་དང་མཉམ་དུ་དཔལ་འབྱོར་སྐོར་གྲོས་མོལ་ཆེད་དུ་འབྱོར་བ་ཞིག་ཡིན་པ་རེད།