ཨ་རི་ནི་ཁ་ཆེ་བ་ཚོའི་དགྲ་བོ་མིན།

འདས་པའི་དུས་རིམ་ནང་ཨ་རིའི་གཞུང་འཛིན་ཕྱོགས་ནས་ནོར་འཁྲུལ་འགའ་རེ་བཟོས་ཡོད་པ་དེ་ལུགས་མཐུན་མིན་པས། དེ་རིང་ངའི་ལས་ཀ་ནི་ཁ་ཆེའི་རྒྱལ་ཁབ་རྣམས་ལ་འབྲེལ་ལམ་བཙུགས་ཏེ་ཨ་རི་ཁ་ཆེ་བ་ཚོའི་དགྲ་བོ་མིན་པ་གསལ་སྟོན་བྱེད་དགོས་པ་དེ་ཡིན་ཞིང༌། ང་ཚོས་འདས་པའི་ལོ་རྒྱུས་ལ་ཕྱིར་མིག་བལྟས་ན་ཨ་རི་ནི་མི་སེར་སྤེལ་ཡུལ་རིང་ལུགས་པའི་ལྟ་བའི་ནུས་ཤུགས་ཀྱིས་འཚར་ལོངས་བྱུང་བ་ཞིག་མིན་པ། མི་ལོ་༣༠ ཡང་ན་༤༠ ལྷག་ཙམ་གྱི་ཡར་སྔོན་དུ་ཨ་རིས་ཁ་ཆེའི་རྒྱལ་ཁབ་ཁག་ལ་བརྩི་བཀུར་དང་མཉམ་མཐུན་བྱས་ནས་བསྡད་པ་རེད། དེ་རིང་སླར་ཡང་བརྩི་བཀུར་དང་མཉམ་མཐུན་གྱི་འབྲེལ་ལམ་འདི་བསྐྱར་གསོ་མི་ཐུབ་པའི་རྒྱུ་མཚན་གཏན་ནས་མེད་ཅེས་གསུངས་འདུག
    ཡང་ཁོང་གིས་དེ་རིང་ངའི་འཛིན་སྐྱོང་ནས་སྔོན་མ་ངས་ཁ་ཆེའི་རྒྱལ་ཁབ་ཁག་ལ་འབྲེལ་ལམ་བསྐྱར་གསོ་དང་ཞི་བདེ་མཉམ་གནས་སོགས་ཁས་ལེན་བྱས་པའི་བརྗོད་ཚིག་དེ་དག་གི་རྗེས་སུ་ཤར་བསྐྱོད་བྱེད་རྒྱུ་དང༌། གང་མགྱོགས་ཨ་རིའི་དམིགས་བསལ་སྐུ་ཚབ་དཀྱིལ་ཤར་ཡུལ་གྲུ་ཁག་ཏུ་བཏང་ནས་མདུན་བསྐྱོད་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་ཆགས་ཡོད་ཅེས་དང༌། ངས་འོས་བསྡུའི་ལས་འགུལ་ཆེན་པོའི་སྐབས་སུ་ཁས་ལེན་བྱས་པའི་བརྗོད་ཚིག་དེ་དག་མངོན་འགྱུར་ཆེད། ང་ཚོའི་འཛིན་སྐྱོང་གི་དུས་ཡུན་མ་རྫོགས་པའི་ཡར་སྔོན་ནས་དཀྱིལ་ཤར་ཡུལ་གྲུ་ཁག་དང༌། དམིགས་བསལ་པཱ་ལི་སི་ཐན་དང༌། ཨི་ཟེའི་རལ་གཉིས་དབར་ཞི་བདེའི་བར་འདུམ་འགོ་འཛུགས་བྱེད་རྒྱུ་ཡིན། ལས་དོན་ལེགས་འགྲུབ་ཡོང་བར་དུས་ཚོད་གང་འཚམས་འགོར་རྒྱུ་ཡིན་པས་དེ་རིང་ནས་འགོ་འཛུགས་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་ཞེས་བརྙན་འཕྲིན་ཁག་ཏུ་བརྒྱུད་བསྒྲགས་གནང་ཡོད་པ་རེད།།