རྒྱུགས་མ་གཏོགས།

རྒྱུགས དྲང་བདེན་ཁ་ལ་འཁྱེར་ནས་བརྙས་བཅོས་བྱེད་དུ

རྒྱུགས ཕ་མ་དང་ཉེ་དུ་རྒྱང་རིང་དུ་བཞག་ནས་རང་དབང་ཆེད

རྒྱུགས ཁང་ཁྱིམ་དང་བཟའ་ཚང་གི་འཚོ་བ་དྲོན་མོ་དེའི་དོན་དུ

རྒྱུགས མི་རིགས་དང་འདྲ་མཉམ་གྱི་ཐོབ་ཐང་ལེན་པའི་འབོད་ཚིགས་བསྒྲགས

རྒྱུགས རྒྱུས་ཡོད་དང་རྒྱུས་མེད་ཀྱི་མི་སྡེ་འདྲ་མིན་སྣ་ཚོགས་འགྲིམ་ནས

རྒྱུགས ངོ་གསོ་དང་བཅོས་མའི་སྐྱི་འབག་ལ་མགོ་བོ་བསྒུར་ཞོར

རྒྱུགས གཏད་སོ་དང་དམིགས་ཡུལ་མེད་པའི་རི་གྲོང་དེའི་བདག་པོ་བྱེད་ཆེད

རྒྱུགས འཆི་བདག་གི་བཙན་ས་རུ་རུས་སྒྲོམ་དེ་དག་རླུང་གི་བརྫུ་རོགས་བར

རྒྱུགས མཐའ་མཇུག་དུ་ཐོབ་བྱ་གང་ཡང་མེད་པའི་ལག་སྟོང་གི་ཉིན་མོ

རྒྱུགས རྒྱུགས རྒྱུགས མཁས་བླུན དབུལ་ཕྱུག མཐོ་དམན ཆེ་ཆུང་

རྒྱུགས རྒྱུགས་རྒྱུགས་ནས་ ངལ་གསོ་ཡོད་པ་ནས་མེད་པར་ཆགས་དེ

རྒྱུགས་ཐུབ་པ་ནི་བྱས་རྗེས་དང་རླབས་ཆེན་དུ་འབོད་པའི་མི་ཡུལ་ཁམས་ནས

རྒྱུགས  ཤུ་རེ་བྱོས་དེ མགོ་ལ་མ་སླེབས་ཀྱང་  གཞུག་ནས་འདུག་མི་རུང་

རྒྱུགས་མ་གཏོགས སྡར་མ་ཟེར་ནས་མི་ཚེ་འཕྱ་དམོད་ཀྱི་འཚོ་དགོས་ཉིན

རྒྱུགས་འདོད་ཀྱང་ ལུས་ཟུངས་ཉམས་ཚར་བ་ཡིན་ངེས

༢༨།༡།༠༩ དགོང་མོ་མཚོ་འགྲམ་ནས་བྲིས།