དཀར་མཛེས་རྫོང་དུ་ཞི་རྒོལ་བར་ཁྲིམས་ཆད།

བཙུན་མ་པདྨ་ལྷ་མོ་ནི་གསེར་མཁར་བྲག་ཁ་གྲོང་ནས་ཡིན་པ་དང༌། ཁོང་དང་མཉམ་དུ་བཙུན་མ་དྲུག་དང་མི་སྐྱ་གཅིག་བཅས་ནས་༢༠༠༨ ལོའི་ཕྱི་ཟླ་ ༥ ཚེས་ ༡༤ ཉིན་རྫོང་ཐོག་ཏུ་ཞི་རྒོལ་བྱས་རྐྱེན་འཛིན་བཟུང་གིས་བཙོན་འཇུག་བྱས་པ་དང༌། ༢༠༠༩ ལོའི་ཟླ་དང་པོའི་ནང་པད་མ་ལྷ་མོ་ལ་ལོ་གསུམ་གྱི་ཁྲིམས་ཆད་བཏང་ཡོད་པ་རེད། ཁོང་གཉིས་ད་སྐབས་རྒྱ་ནག་ཁྲིན་ཏུའུ་གཡས་གཡོན་གྱི་བཙོན་ཁང་ཞིག་ཏུ་ཁྲིད་ཡོད་པའི་གནས་ཚུལ་ཟླ་འདིའི་ཚེས་ ༣༠ ཉིན་འདིར་གར་འབྱོར་སོང༌། མ་ཚད་རྒྱ་གཞུང་གིས་ཏྲེ་ཧོར་ཁུལ་དུ་ལོ་སར་གཏོང་དགོས་ལུགས་དང་སྔར་གོ་མྱོང་མེད་པའི་རྒྱ་གཞུང་ནས་ཁུལ་དེར་ལོ་སར་གཏོང་ཆེད་མི་རེ་ལ་རྒྱ་སྒོར་༥༠༠ སྤྲོད་རྒྱུ་ཡིན་ལུགས་བཤད་འདུག་ཀྱང་བོད་མི་རྣམས་ནས་ཁ་གཅིག་གྲགས་ཀྱིས་ལོ་འདི་ནི་བོད་མདོ་དབུས་ཁམས་གསུམ་དུ་རྒྱ་གཞུང་ནས་བཙན་གནོན་མནར་བཅོད་ཀྱིས་བོད་མི་སྟོང་ཚོ་བརྒལ་བ་དམར་གསོད་དང་བཙོན་འཇུག་བྱས་པ་རེད། ལོ་ངན་ཞིག་ཡིན་པས་ལོ་སར་གཏོང་རྒྱུ་སེམས་པའི་ཡུལ་ལ་ཡང་མེད་ལུགས་གསུང་གི་འདུག། ཏྲེ་ཧོར་སྐྱིད་སྡུག་ནས་གནས་ཚུལ་མཁོ་སྤྲོད་བྱས།

Share this:

Leave a Reply