རེད་དེ་རིང་རེ་གཟའ་ཟླ་བ་རེད།་ང་དང་གྲོགས་མཆོག་ཞིག་གཞུང་དོན་ཆེད་ཁྲོམ་གཞུང་ལ་སྦག་སྦག་བཞོན་ཏེ་བསྐྱོད་སྐབས་ཁྲོམ་གཞུང་མ་སླེབས་སྔོན་ནས་ལམ་བར་དུ་
རྒྱ་གར་ཉེན་རྟོག་པ་སྐར་མ་གཉིས་གྱི་རྟགས་ཅན་ཞིག་ལམ་ཟུར་གྱི་མོ་ཌ་ཞིག་ནང་འདུག་ལ་གཞན་ཉེན་རྟོག་པ་རེ་ཟུང་གི་ཡར་བསྐྱོད་མར་བསྐྱོད་བྱ་བཞིན་པའི་སྦག་སྦག་དང་།
མོ་ཌ་རྣམས་བཀག་ཏེ་ལག་ཁྱེར་གང་ཡོད་བཏོན་དུ་བཅུག་བཞིན་འདུག་ང་གཉིས་ཀྱང་དེ་གར་བཀག་སོང་ལ་གཞན་ལྟར་ལག་ཁྱེར་བཏོན་དགོས་པའི་བཀའ་བཏང་བྱུང་།སྟབས་མ་ལེགས་པ་
ཞིག་ལ་ངའི་རོགས་པས་སྦག་སྦག་ལ་དགོས་མཁོའི་ཡིག་ཆ་དང་།་རང་ཉིད་ནས་སྦག་སྦག་གཏོང་འཐུས་མཆོག་པའི་ལག་ཁྱེར་ཀྱང་འཁྱེར་མིན་འདུག་ལ་སྦག་སྦག་གི་ཡིག་ཆ་དེ་བས་འཁྱེར་མེད་
སྟབས་ངའི་རོགས་པས་ཉེན་རྟོགས་པར་ལག་ཁྱེར་ལུས་པ་དང་ཇི་དགེའི་བསྐོར་གུས་པ་བཅས་དང་དྲིས་པར་ཉེན་རྟོག་པས་སྦག་སྦག་ལྡེ་མིག་འདིར་འཇོག་དགོས་ལ་རང་ཡང་ཉེན་རྟོག་ལས་ཁང་དུ་
བསྐྱོད་དགོས་ཟེར་བ་དང་རྒྱ་གར་བ་ཞིག་ཡོང་ཏེ་ཧིན་སྒོར་བརྒྱ་ལོར་ཞིག་རིལ་རིལ་བྱས་ཏེ་ཉེན་རྟོགས་སྐར་མ་གཉིས་ཅན་སྲོད་སོང་བས་ཁོས་བརྗོད་དོན་ཕར་ཁྱེར་ང་དངུལ་འཕྲོག་པར་མིན་ཟེར་སོང་
ཡང་གཞན་ཞིག་གིས་ཟུར་ནས་ཉིས་བརྒྱ་དགོས་ཟེར་བ་མ་ཐག་རྒྱ་གར་པར་ཉིས་བརྒྱ་སྤྲད་དེ་ལག་ལོག་ཕྱིན་སོང་བ་བཞིབ་ངའི་གྲོགས་པོས་ཀྱང་བརྒྱ་ཞིག་སྤྲད་དེ་ང་གཉིས་མཐར་སོང་།་་་་གང་ལྟར་སྒོར་མོ་
སྤྲད་ཐུབ་ཚེ་ལག་ཁྱེར་སོགས་ཡིག་ཆ་གང་ཡང་མི་དགོས་ལ་སྒོར་མོ་མེད་ན་ལག་ཁྱེར་དང་ཡིག་ཆ་མེད་པའི་ཉེས་པའི་འོག་ཁྲིམས་ཁང་དུ་བཙན་འཁྲིད་བྱེད་པ་སོགས་ལྐོགས་བཟའ་ལྐོགས་ངན་བཟའ་བཞིན་པའི་
དཔོན་རིོག་དེ་ཚོ་རྒྱ་གར་གཞུང་གི་མི་འཐོང་བ་ཡིན་ནམ་སྤྱི་ཡོངས་ཀྱི་ཆ་ནས་དཔོན་རིགས་ཚོས་ལྐོགས་བཟའ་བ་ལུགས་སྲོལ་ཞིག་ག་བ་ཡིན།་གང་ལྟར་མི་ཤེས་ངས་སྐབས་དེར་ལག་ཐོག་ཁ་དཔར་དཔར་ཆས་ཅན་
ཞིག་འཁྱེར་ཡོད་ཀྱང་བེད་སྤྱོད་བྱ་མ་ཐུབ་པས་བློ་འཕམས་ཤིན་ཏུ་ཆེ་ལ་དཔོན་ངན་དེ་ཚོས་ལྐོགས་རྔན་བཟའ་བཞཱིན་པའི་དཔང་རྟགས་ཞིག་ཀྱང་བཏོན་རྒྱུའི་ཐབས་ཤེས་མ་ཐུབ་པ་ནི་ང་ཀླད་མེད་ངོ་མའི་རྟགས་རེད་
འདུག་པ་མ་ཟད་ཉེན་རྟོགས་པ་དེ་རིགས་ནི་ཇག་པའི་རང་བཞིན་ལས་མ་འདས།