སྲིད་བློན་ཝོན་ཅཱ་པའོ་ལ་ལྷམ་གཞུས་པ།

ས་གནས་དེར་བོད་མི་ཁག་ཅིག་ཝོན་ཅཱ་པོའ་ཡི་ཐོག་ལ་རྒྱུགས་པར་བརྟེན། ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་འདུག དེ་རྗེས་དབྱིན་ཡུལ་དུ་སྐད་གྲགས་ཆེ་བའི་གཙུག་ལག་སློབ་གྲྭ་ཀམ་བྷི་རས་ཇིའི་ནང་རྒྱ་ནག་གི་སྲིད་བློན་ཆེན་ཝོན་ཅཱ་པོའ་ཡིས་དཔལ་འབྱོར་སྐོར་གཏམ་བཤད་བྱེད་སྐབས། ངོ་རྒོལ་བའི་ཁྲོད་ནས་མི་གཅིག་གིས་བཀས་བཀོད་རྒྱུད་འཛིན་པ་ཟེར་ནས་སྐད་འབོད་བརྒྱབ་སྟེ་ཝོན་ཅཱ་པའོ་ལ་ལྷམ་གཞུས་ཡོད་པ་དང༌། དེ་མ་ཐག་རྒྱ་ནག་གི་བརྙན་འཕྲིན་ཁ་ཕྱོགས་བསྒྱུར་ཡོད་འདུག དེའི་སྐབས་སྐོར་སྲུང་བས་ལྷམ་གོ་གཞུ་མཁན་སློབ་གྲྭའི་ཚོགས་ཁང་ཆེན་པོ་ནས་ཕྱིར་ཕུད་བཏང་ཡོད་པ་རེད། དེ་བཞིན་ངོ་རྒོལ་བ་ཚོས་སློབ་མ་རྣམས་ལ་སྐད་འབོད་ཀྱི་འབོད་ཚིག་ཅིག་བསླབ་ཡོད་པ་ནི་ང་ཚོའི་མཐོ་སློབ་འདི་བཀས་བཀོད་རྒྱུད་འཛིན་པ་དང་མཉམ་དུ་ངོ་ཚ་ཁྲེལ་མེད་ ཇི་ལྟར་ཆགས་ཐུབ་བམ་ཟེར་བ་འདི་ཡིན་པ་དང༌། རྗེས་སུ་སློབ་གྲྭ་ནས་ཕྱིར་ཐོན་སྐབས་ཚོགས་བཅར་བ་མང་པོས་ངོ་ཚ་ཁྲེལ་ཡོད་ཤེས་པ་གྱིས་ཟེར་ནས་སྐད་འབོད་ཀྱིས་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།