ྋགོང་ས་མཆོག་ཀོ་གྷལ་དོན་ལྡན་གླིང་དུ་ཆིབས་བསྒྱུར།
དད་པའི་ཐལ་མོ་སྙིང་ཁར་སྦྱར་བཞིན་ཕེབས་བསུའི་རུ་བསྒྲིགས་བྱས་ཤིང༌།ས་གནས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་མི་དང་ཚོགས་གཙོ། སློབ་གྲྭ་དང་དགོན་སྡེ་ཁག་གི་དགེ་འདུན་པ་སྤྱི་དང༌།སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེ་དབུས་རྫོགས་ཆེན་དགོན་པའི་དགེ་འདུན་པ་རྣམས་ཀྱིས་སེར་ཕྲེང་གིས་དུང་རྒྱ་སྤོས་འདྲེན་གྱི་ཕེབས་བསུ་ཞུས་ཏེ་རྒྱལ་བའི་ཕོ་བྲང་དུ་གདན་ཞུ་ཞུས་ཡོད་པ་རེད། ྋསྐྱབས་མགོན་རིན་པོ་ཆེ་ཕོ་བྲང་གི་བཞུགས་ཁྲིར་འཁོད་པ་དང་ཕེབས་གདོང་མཛད་སྒོའི་ཐོག་མ་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་ས་གནས་འགོ་འཛིན་གཉིས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང༌། ས་གནས་རྫོང་དཔོན་སོགས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་སོགས་གནད་ཡོད་མི་སྣ་དགྱེས་འཛོམས་ཀྱིས་འབྲས་སིལ་དང་གསོལ་ཇ་དྲངས་རྗེས་ྋརྒྱལ་བ་རིན་པོ་ཆེ་མཆོག་གཟིམ་ཆུང་དུ་གདན་ཞུ་གནང་སོང༌།།
