གྲོས་ཆོད་དང་ཐུགས་སྣང་གཞེན་སྐུལ།
རང་རེའི་མཐོ་སློབ་ཁག་དུ་སྐྱོད་བཞིན་པའི་སློབ་ཕྲུག་རེ་རེས་རང་ཉིད་ཀྱི་སློབ་ཚན་དང་མྱོང་ཚོར་སོགས་སློབ་གྲ་ཁག་དུ་བགྲོ་གླེང་བྱ་རྒྱུའི་མཐུན་རྐྱེན་བསྐྲུན་རྒྱུ།
༢ སྤྱི་འཐུས་གཙོས་གཞུང་འཛིན་པ་གང་ཞིག་གཞིས་ཆགས་སུ་འཚམས་གཟིགས་ལ་ཕེབས་སྐབས་ངེས་པར་དུ་ཕ་མས་ཕྲུ་གུར་བལྟ་རྟོག་དང་བསམ་བློ་ཁྱེར་ཕྱོགས་སོགས་ལམ་སྟོན་བྱ་དགོས་སྐོར་ཕ་མར་སློབ་གསོ་རྒྱག་དགོས་པའི་རེ་བསྐུལ་ཞུ་རྒྱུ།
༣ བཙན་བྱོལ་དུ་ཤེས་རིག་ཉམས་རྒུད་ཀྱི་ཐད་ཕ་མ་དང་ཕྲུ་གུ དགེ་རྒན་ནང་ཕན་ཚུན་དབར་སྐྱོན་འཛུགས་བྱེད་བཞིན་པའི་དུས་རིམ་ཞིག་ཏུ་སླེབས་ཡོད་པས། དོན་དངོས་ཀྱི་སྐྱོན་ཆ་དེར་གཞུང་གི་ངོས་ནས་དྲང་བདེན་དང་གཟུ་བོར་གནས་པའི་སྒོ་ནས་ཉམས་ཞིབ་ཚད་ལྡན་བྱ་དགོས་རྒྱུ།
༤ བོད་གཞུང་ནས་དམིགས་བསལ་ཤེས་ཡོན་དང་འབྲེལ་བའི་ཚོགས་འདུ་ཚོགས་སྐབས་མཐོ་རིམ་སློབ་མའི་སྐུ་ཚབ་འཛུལ་ཞུགས་ཀྱི་གོ་སྐབས་བསྐྲུན་རྒྱུ།
༥ ཕྱི་རྒྱལ་ཁག་ལ་སློབ་ཡོན་ཐོབ་པའི་སློབ་ཕྲུག་ཚོས་རང་ཉིད་ཀྱི་གན་རྒྱ་བཞིན་ལོ་གསུམ་རྗེས་སུ་བོད་གཞུང་ལ་ཞབས་ཕྱི་ཞུ་བར་མི་ཡོང་བར་མུ་མཐུད་ཕྱི་རྒྱལ་དུ་གནས་སྡོད་བྱེད་པོ་ཁག་ལ་བོད་གཞུང་ནས་ལས་འགུལ་གནད་དུ་ཕིགས་པ་ཞིག་བརྩམ་ནས་ཐག་གཅོད་ནན་པོ་བྱ་དགོས་རྒྱུ།
༦ གཞི་རིམ་སློབ་གྲ་ཁག་ཏུ་སློབ་མའི་འདོད་མོས་དང་མཐུན་པའི་མི་ཚེའི་དམིགས་ཡུལ་སྒྲུབ་ཐབས་ལ་བོད་གཞུང་ངོས་ནས་སློབ་སྟོན་པ་དང་སློབ་གསོའི་ཁོར་ཡུག་བསྐྲུན་ཐབས་བྱ་རྒྱུ།
༧ གཞི་རིམ་དགེ་རྒན་ནི་མཐོ་རིམ་ཤེས་རིག་གི་འབྱུང་ཁུངས་ཡིན་པས་དགེ་རྒན་ཚད་ལྡན་བསྐོ་བཞག་གནང་རྒྱུ་དང༌། གླ་ཕོགས་ཚད་ལྡན་འབུལ་དགོས་ལ་དགེ་རྒན་གྱིས་ཀྱང་གཞི་རིམ་ནས་མཐོ་རིམ་སློབ་མར་བསྐྱོད་མཁན་རྣམས་ལ་ལམ་སྟོན་གྱིས་ཕྲུག་གུའི་ཤེས་ཚད་དེ་བཞིན་དགའ་ཕྱོགས་དང་མཐུན་པའི་ལམ་སྟོན་རྒྱུན་བསྲིངས་བྱ་དགོས་རྒྱུ།
༨ རང་གཞུང་ལ་ཆེད་ལས་མདུན་ལམ་ལམ་སྟོན་པ་ཚད་ལྡན་ཞིག་བསྐོ་བཞག་གནང་རྒྱུ།
བཙན་བྱོལ་བོད་གཞུང་ལ་འབུལ་རྒྱུའི་ཐུགས་སྣང་གཞེན་བསྐུལ།
༡་ གཞི་རིམ་སློབ་གྲ་ཁག་ལ་རིགས་གཅིག་རྐང་འཛིན་གྱི་དགོས་མཁོ་དང་མཐུན་པའི་དགེ་རྒན་ལ་ཟབ་སྦྱོང་གང་མང་སྤྲོད་རྒྱུ།
༢་ གཏན་སློབ་སོགས་དམའ་རིམ་སློབ་གྲ་ཁག་གི་དགེ་རྒན་རྒྱ་གར་བ་མང་པའི་རྐྱེན་གྱིས་སྤྱི་སེམས་ཞེན་པས་རང་རིགས་ཀྱི་དགེ་རྒན་གང་མང་གཏང་རྒྱུ།
༣་ རང་གཞུང་ནས་མཐོ་རིམ་སློབ་མ་རྣམས་གཞི་རིམ་སློབ་གྲའི་སློབ་མ་རྣམས་ཀྱི་བསམ་ཚུལ་རྒྱུས་ལོན་ཡོང་སླད་མཐོ་རིམ་སློབ་མ་རྣམས་གཞི་རིམ་སློབ་གྲ་ཁག་ཏུ་ཆེད་གཏོང་གནང་རྒྱུ།
༤་ བོད་གཞུང་ངོས་ནས་བོད་མི་དང་རྒྱ་གར་ཡུལ་མི་དབར་མཐུན་སྒྲིལ་ལེགས་པོ་ཡོང་བར་སློབ་སྟོན་དང་ལས་འགུལ་སྤེལ་རྒྱུ།
༥་ སློབ་གྲ་ཁག་ཏུ་དུས་ཀྱི་འགྱུར་འགྲོས་དང་བསྟུན་ནས་ཤེས་ཡོན་ལམ་སྟོན་པ་དང་དྲ་རྒྱའི་ (Internet)མཐུན་རྐྱེན་ངེས་པར་དུ་བསྐྲུན་རྒྱུ།
༦་ ཉིས་སྟོང་དགུ་ལོའི་ལོ་གསར་མི་གཏོང་བར་དེའི་སྐབས་གདུང་སེམས་མཉམ་སྐྱེད་མཚོན་བྱེད་དུ་གཞུང་གི་དབུ་ཁྲིད་པའི་འོག་བོད་གཞུང་དང་སློབ་གྲ དགེོན་སྡེ། གྲ་ཚང་རྣམས་སྔར་རྒྱུན་བཞིན་ལས་དོན་ལ་ཞུགས་དགོས་པའི་རེ་བསྐུལ་ཞུ་རྒྱུ།
༧་ འཛིན་རིམ་བཅུ་གཉིས་ནང་རྩེ་ཕུད་སོན་པའི་བོད་རིགས་སློབ་མ་ཚོར་གསོལ་རས་ཧིན་སྒོར་ ༥༠༠༠ ཙམ་མ་ཡིན་པར་གྱི་ཁོ་ཚོའི་མདུན་ལམ་དང་འབྲེལ་བའི་མཐོ་སློབ་རྩེ་ཕུད་ཁག་ཆེད་འཚོལ་གྱིས་དམིགས་བསལ་ལམ་སྟོན་དང་སློབ་ཡོན་གྱི་མཐུན་འགྱུར་གནང་རྒྱུ།
༨་ དམའ་རིམ་སློབ་གྲ་ཁག་ཏུ་ནང་ཆོས་ཀྱི་རྨང་གཞི་བསྐྲུན་ཐབས་སུ་རིགས་ལམ་དང་འབྲེལ་བའི་ལས་འཆར་རྒྱ་བསྐྱེད་དང་སློབ་དེབ་གཏན་འབེབ་བྱ་རྒྱུ།
༩་ མཐོ་རིམ་སློབ་མའི་ཚོགས་ཆེན་བཞིན་གཞི་རིམ་སློབ་མ་རྣམས་ཀྱང་ཚོགས་ཆེན་འཚོག་ཐུབ་ཐབས་དང༌། དེ་བཞིན་བོད་གཞུང་ནས་སློབ་ཡོན་སྤྲོད་བཏང་ལ་ཉམས་ཞིབ་དང་སྟངས་འཛིན། ད་དུང་གཞི་རིམ་སློབ་གྲ་ཁག་ལ་བོད་ཀྱི་ཆབ་སྲིད་ཀྱི་གོ་རྟོགས་མཐོ་རུ་གཏང་རྒྱུ།
སྐབས་གསུམ་པའི་མཐོ་རིམ་སློབ་མའི་ཚོགས་ཞུགས་པ་རྣམས་ཀྱིས་བཞག་པའི་གྲོས་ཆོད།
༡་ ཚོགས་ཆེན་འདི་ལ་ཞུགས་པའི་ཚོགས་བཅར་བཧཀུན་གྱིས་དེ་རིང་ནས་བཟུང་བོད་སྐད་གཙང་མ་རྒྱག་དགོས་པ་ཡིན། རང་ཉིད་ཀྱི་ས་ཁུལ་དུ་ཡང་བོད་སྐད་གཙང་མའི་ལས་འགུལ་སྤེལ་རྒྱུ།
༢་ བོད་ནང་གི་མཐོ་རིམ་སློབ་མས་བརྩམས་པའི་ཆབ་སྲིད་དང་འབྲེལ་བ་མེད་པའི་རྩོམ་ཡིག་ཁག་བཙན་བྱོལ་ནང་སློབ་གཉེར་བྱེད་བཞིན་པའི་མཐོ་རིམ་སློབ་མས་དབྱིན་ཇི་སོགས་སྐད་རིགས་གཞན་ནང་ཕབ་བསྒྱུར་གྱི་བྱ་བར་འབད་བརྩོན་བྱ་དགོས།
༣་ བོད་ནང་གི་མཐོ་རིམ་སློབ་མ་དང་ཕྱི་སྡོད་མཐོ་རིམ་སློབ་མའི་དབར་འབྲེལ་མཐུད་ལེགས་པོ་ཡོང་སླད་དྲ་སྒོ ཇཁྱསྐྱྔགྲཅཁྱ གསར་པ་ཞིག་གསར་འཛུགས་དང༌། བོད་ཀྱི་མཐོ་རིམ་སློབ་མའི་བསམ་བློ་དང་ངོ་བོ་མཚོན་པའི་དབྱིན་བོད་སྐད་ཡིག་གི་ལམ་ནས་དུས་དེབ་ཞིག་དཔར་སྐྲུན་བྱ་རྒྱུ།
སྐབས་གསུམ་པའི་མཐོ་རིམ་སློབ་མའི་ཚོགས་ཞུགས་པ་རྣམས་ཀྱིས་བཞག་པའི་ཐུགས་སྣང་གཞེན་བསྐུལ།
༡་ ད་ལྟ་མཐོ་རིམ་སློབ་གྲ་འགྲིམ་བཞིན་པའི་སློབ་མའི་ངོས་ནས་གཞི་རིམ་སློབ་མ་ཁག་ལ་ལམ་སྟོན་རུ་ཁག་ཞིག་འཛུགས་ཐུབ་པ་བྱ་རྒྱུ་དང༌། དེའི་འགྲོ་གྲོན་ནི་ས་གནས་གང་དུ་ཚོགས་ཆེན་འཚོག་པ་དེའི་དངུལ་ལྷག་གམ་ཡང་ན། ས་གནས་ཁག་ཚང་མས་དེའི་ཐད་ཞལ་འདེབ་གནང་རྒྱུ།
༢་ ཤེས་ཡོན་ནང་འདྲེན་ལ་སྨན་པར་མཐོ་རིམ་སློབ་གྲ་ཐུན་མོང་གིས་བོད་རྒྱ་དབྱིན་གསུམ་གྱི་ཚགས་ཤོག་འགྲེམ་སྤེལ་བྱ་རྒྱུ།
༣་ མཐོ་རིམ་སློབ་མ་རྣམས་ཀྱིས་དམིགས་བསལ་རིག་རྩལ་འགྲན་ཚོགས་གོ་སྒྲིག་བྱ་རྒྱུ།
༤་ རྒྱ་གར་རྒྱལ་ཡོངས་མཐོ་རིམ་སློབ་མའི་སྒེར་ལངས་ལས་འགུལ་རྒྱུན་སྐྱོང་བྱ་རྒྱུ།
༥་ བོད་རྒྱལ་ཡོངས་སློབ་མའི་མཐུན་ཚོགས་གསར་འཛུགས་བྱ་རྒྱུ།
ཝཱཎ་ས་གནས་གསར་འགོད་པ་བཅོ་ལྔ་ཚེ་རིང་གིས་བཏང༌།