ྋགོང་ས་མཆོག་མེ་སོར་ས་གནས་སུ་ཆིབས་བསྒྱུར།
ཆུ་ཚོད་༤ ཕྱེད་ལ་བྷེལ་ཀོབ་དབུས་ཉིན་སློབ་དུ་མཁའ་ལམ་བརྒྱུད་ཞབས་སོར་འགོད་ཅིང་ས་གནས་བོད་རིགས་མི་མང་དང་དགེ་འདུན་པ། སློབ་ཕྲུག་བཅས་ཀྱིས་དགའ་སྤྲོའི་ཕེབས་བསུ་བཅས་སེར་བྱེས་མཁས་སྙན་གྲྭ་ཚང་དུ་བྷེལ་ཀོབ་ལྷ་མོ་ཚོགས་པས་རྔོན་པ་དང་རིགས་ལྔའི་འཁྲབ་སྟོན་དང་དགེ་འདུན་པའི་སེར་ཕྲེང། དུང་རྒྱ་སྤོས་འདྲེན་གྱིས་གདན་ཞུས་ཞབས་སོར་བདེ་འཁོད་བྱུང་ཡོད་པ་རེད། མེ་སོར་གསར་འགོད་པ་བཀྲ་ཤིས་བདེ་ལེགས་ཀྱིས།