ལོ་གསར་ཚེས་༢ ཉིན་གྱི་ལས་འགུལ།
ཁོང་གིས་སྔོན་མ་ལྷ་ས་ནས་ཆབ་སྲིད་ལས་འགུལ་སྤེལ་བའི་སྐོར་ངོ་སྤྲོད་གནང་བ་དང༌། དེའི་སྐབས་ཁོང་ལ་སྲོག་ཁྲིམས་གཅོད་ལ་ཉེ་བའི་སྐབས། རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་རེད། དེའི་གནས་ཚུལ་རྒྱ་ནག་གི་ཚགས་པར་ཐོག་རྒྱ་ནག་གཞུང་ཚབ་གཏོར་བཤིགས་བཏང་ཚུལ་སོགས་བྲིས་ཡོད་པ་ཁོང་གིས་བཙོན་ཁང་ནང་ནས་མཐོང་བའི་སྐོར་དང༌། དེ་ལ་བརྟེན་ནས་ཁོང་ལའང་སྲོག་ཁྲིམས་མ་བཅད་པ་རེད། ཕྱི་ཕྱོགས་ནས་ལས་འགུལ་སྤེལ་བ་དེས་བོད་ནང་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པ་དང༌། ཕན་ཐོགས་ཆེན་པོ་ཡོད་པའི་སྐོར་གྱི་གསུང་བཤད་གནང་ཡོད་པ་རེད། 
གཙུག་ལག་ཁང་དུ་བསྔོ་བ་སྨོན་ལམ་དང་མར་མེ་མཆོད་འབུལ་བྱེད་མཁན་མང་ལ། མཀ་གྷན་དུ་མུ་མཐུད་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་རེད།
