གྲྭ་པ་ཞིག་གི་རང་ལུས་མེར་བསྲེག

 སྐབས་དེར་ཁོང་ཚོས་ཇི་ལྟར་ཡར་ལངས་རྒྱག་རྒྱུ་དང་སྣེ་ཁྲིད་པ་སུ་ཡིན་མིན། སྔ་ནུབ་ཀྱི་སྦྱར་ཡིག་དེ་སུས་སྦྱར་བ་སོགས་ཀྱི་གནས་ཚུལ་མ་ཤེས་པར་ཟང་ཟིང་དུ་གྱུར་ཡོད་འདུག

 དེའི་རྗེས་བོད་ནང་གི་ཆུ་ཚོད་ ༡ དང་སྐར་མ་ ༤༠ སྟེང་གློ་བུར་དུ་མི་མང་འདུ་འཛོམས་ཀྱི་ཁྲོད་ནས་ཀིརྟི་དགོན་དུས་འཁོར་གྲྭ་ཚང་གི་དགེ་འདུན་པ་བཀྲ་བྷེ་ཞུ་བ་ཞིག་གིས་རང་ལུས་ལ་མེ་སྦར་ཞིང༌། ལག་ཏུ་བོད་ཀྱི་རྒྱལ་དར་བྲིས་མ་དཀྱིལ་དུ་༧རྒྱལ་བ་རིན་པོ་ཆེའི་སྐུ་པར་ཡོད་པ་ཞིག་འཕྱར་ཏེ། མང་ཚོགས་ཀྱི་ཁྲོད་ནས་ཕྱིར་ཐོན་ཏེ་སྐད་འབོད་བྱས་ཡོད་ཀྱང༌། དེ་མ་ཐག་རྫོང་ཉེན་རྟོག་པ་དང་དམག་མི་མང་པོ་ཡོང་ནས་ཁོར་མེ་མདའ་ཐེངས་ ༣ ལ་བརྒྱབས་ཡོད་འདུག སྐབས་དེར་དགེ་འདུན་པ་བཀྲ་བྷེ་ལགས་ཀྱི་ནང་མི་དང་གཉེན་ཉེ་ཚོས་བདག་ཉར་བྱ་རྩིས་བྱས་ཀྱང༌། དེར་ཡོད་ཉེན་རྟོག་པ་དང་དམག་མི་ཚོས་བཀྲ་བྷེ་ལགས་གྲོངས་ཡོད་མེད་ཀྱི་གནས་སྟངས་གསལ་ཁ་མི་འདུག ཕུང་བོ་རླངས་འཁོར་ནང་བཅུག་སྟེ་བཙན་ཁྱེར་བྱས་ཡོད་པ་དང༌། དགེ་འདུན་པ་བཀྲ་བྷེ་ལགས་ནི་རྔ་བ་རྫོང་ཁྲིམས་རྒན་ནས་ཡིན་ཞིང༌། ཕའི་མང་ལ་རབ་བརྟན་དང་མའི་མིང་ལ་མེ་ཁོ་ཟེར་ཞིང༌། རང་ལོ་ ༢༧ ཡས་མས་ཤིག་ཡིན་འདུག