བོད་དོན་དང་འབྲེལ་བའི་རྒྱ་ཡིག་དེབ་ཆུང་ཞིག

    དེབ་དེ་ནི་ཕྱི་ལོ་༢༠༠༨ ཟླ་༥ ཚེས་༢༥ ཉིན་རྒྱ་གཞུང་གིས་རྒྱབ་ཤ་དཀར་པོ་ཞེས་པའི་དེབ་ཅིག་འགྲེམས་སྤེལ་བྱས་ཡོད་པ་དང༌། རྒྱ་རིགས་རྩོམ་པ་པོ་དེས་གསུང་དོན། ཁོང་གིས་དེབ་དེའི་ནང་དོན་བོད་ཀྱི་དངོས་ཡོད་གནས་སྟངས། ྋགོང་ས་མཆོག་གིས་སྤྱིར་འགྲོ་བ་མི་དང་བྱེ་བྲག་བོད་ཀྱི་ཆོས་དང་རིག་གཞུང༌། འགྲོ་བ་མིའི་ཐོབ་ཐེངས་སྐོར་ལ་ཕྱག་ལས་ག་རེ་གནང་ཡོད་མེད་སྐོར་ལ་ཞིབ་འཇུག་བྱས་ཏེ། བྲས་ཡོད། དེབ་འདིའི་ནང་དོན་གཙོ་བོ་ནི་ཏཱ་ལའི་བླ་མ་དང་བོད་མི་རིགས་ནི་དེ་ལྟར་ཁ་བྲལ་དང་ལོགས་སྤྱོད་པ་འབའ་ཞིག་མ་ཡིན་པར་རྒྱ་བོད་གཉིས་ཕན་གྱི་མཛད་རྗེས་རླབས་ཆེན་བཞག་ཡོད་པ་ད་ལྟ་སའི་གོ་ལའི་ཁྱོན་ལ་མངོན་གསལ་བཞིན་ཡིན་པ་དང༌། རྒྱ་ནག་གུང་ཁྲན་གྱིས་གང་བཤད་པ་དག་རྫུན་ཡིན་སྐོར་སོགས་དངོས་ཡོད་གནས་ཚུལ་དག་ར་སྤྲོད་གསལ་བོ་བྱས་ཡོད་པ་རེད་ཅེས་དང༌། ང་ནི་དེ་སྔོན་བོད་ནང་ནས་ལས་ཀ་བྱས་ཏེ་སྡོད་མྱོང་ཡོད་ལ། རྒྱ་བོད་གནད་དོན་ཐད་བོད་མི་ཚོར་བསམ་ཚུལ་དྲི་བ་དྲིས་ལན་བྱེད་མྱོང་ཡང་ཡོད་ཅེས་འགྲེལ་བརྗོད་གནང་སོང༌། རྩོམ་པ་པོ་ཆེད་དུ་དྷ་སར་ཡོང་ནས་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁག་ཅིག་དང༌། གནད་ཡོད་མི་སྣ། མི་མང་དཀྱུས་མ་སོགས་ལ་བཅར་འདྲི་བྱས་ཏེ་ཞིབ་འཇུག་བྱས་ཡོད་པ་རེད།།