བལ་ཡུལ་དུ་མར་མེའི་ཁྲོམ་སྐོར།

    ལོ་གསར་ཚེས་གཅིག་གི་སྔ་དྲོ་མཆོད་འཇོར་ས་གནས་ཀྱིས་གོ་སྒྲིག་ཞུས་ཏེ་མི་མང་ཡོངས་ཀྱིས་མཆོད་འཇོར་ཁང་སར་དུ་མཎི་གསོག་བསྒྲུབས་བྱས་ཡོད་པ་དང༌། ཉིན་དེའི་ཕྱི་དྲོ་བལ་ཡུལ་མི་མང་དྭང་བླངས་ཀྱི་གོ་སྒྲིག་འོག་བལ་ཡུལ་མཆོད་རྟེན་ཁུལ་དུ་མར་མེའི་ཁྲོམ་སྐོར་ཞིག་གནང་ཡོད་པ་དེར་མི་མང་སྟོང་ཚོ་གཉིས་ཙམ་འདུ་འཛོམས་བྱུང་ཡོད་པ་རེད། ཚེས་ཉི་ཤུ་དགུའི་ཉིན་བལ་ཡུལ་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པའི་གོ་སྒྲིག་འོག་བླ་མ་དབང་འདུས་གདན་ཞུས་ཀྱིས་གཏོར་རྒྱག་ཞིག་བྱས་ཡོད་པ་དེར་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡི་འདྲ་གཟུགས་བཟོས་ཏེ་མེར་བསྲེག་བྱས་པ་དང༌། དགུ་གླུད་མཉམ་དུ་རྒྱ་ནག་སྲིད་འཛིན་གྱི་པར་ལམ་སུམ་མདོར་བསྐྱལ་བ་སོགས་བྱས་ཡོད་པ་རེད།།
བལ་ཡུལ་གསར་འགོད་་རྒྱ་སྟུག་འཇམ་དབྱངས།།