ཁྲིན་ཏུའུ་གྲོང་ཁྱེར་དུ་བོད་རིགས་ཚོར་དམ་དྲག

ཉེན་རྟོག་པ་ཡང་འདུག་པ་མ་ཟད་མེ་མདའ་དང་མཚོན་ཆ་ཐོགས་པའི་དམག་མི་ཧ་ཅང་མང་པོ་འདུག བོད་པ་ཚོའི་འགྲོ་འདུག་སྤྱོད་གསུམ་སོགས་ཐམས་ཅད་ལ་རྟོགས་ཞིབ་བྱེད་ཀྱི་འདུག དམག་མི་དང་ཉེན་རྟོག་པ། སྐོར་སྲུང་བ། དེ་མིན་པའི་སྡེ་ཚན་ཞིག་ཀྱང་འདུག ཚང་མ་ཕལ་ཆེར་སྟོང་ཕྲག་གིས་ཚད་ས་མ་རེད།ཧ་ཅང་མང་པོ་འདུག མི་རྒྱུས་མེད་ཅིག་འདིར་སླེབས་ན་ད་ལྟ་རང་དམག་འཁྲུག་ཅིག་ལངས་གྲབས་འདུག་བསམ་པ་ཞིག་རེད། རྒྱ་དམག་ཚང་མས་དམག་རྒྱག་ཆོག་ཆོག་བྱས་འདུག བོད་མི་ཚོས་སྣང་མེད་ཀྱིས་འགྲོ་ཡི་འདུག་སྟེ། ཅི་ཞིག་ཡིན་མིན་རྒྱ་འདི་ཚང་གིས་འགྲོ་འདུག་ཡག་པོ་ཞིག་བྱེད་འཇུག་གི་མི་འདུག ང་ཚོ་བོད་པའི་ཚོང་པ་དང་ལས་ཀ་བྱེད་མཁན་དེ་མིན་པའི་ཡུལ་སྐོར་བ་ཚང་མར་དམ་དྲག་རེད། ཅེས་གནས་ཚུལ་མཁོ་སྤྲོད་བྱས་སོང༌། ནམ་རྒྱུན་དེར་གནས་སྡོད་བྱེད་མཁན་བོད་རིགས་3000 ལྷག་ཡས་མས་ཡོད་པ་དང༌། མང་ཆེ་བ་ཚོང་པ་ཡིན་འདུག །
མེ་སོར་གསར་འགོད་པ་བཀྲ་ཤིས་བདེ་ལེགས་ཀྱིས།