དྷ་སར་མར་མེའི་ཁྲོམ་སྐོར།
གསུམ་བཅུའི་དུས་དྲན་གྱི་དགོང་མོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དབུས་སྤྱི་འཐུས་རྣམ་པས། དྷ་ས་མེག་གྷན་ནས་གཙུག་ལག་ཁང་གི་མདུན་ཐང་བར་མར་མེའི་ཁྲོམ་སྐོར་བྱས་ཡོད་པ་དང༌། སྐབས་དེར་དྷ་སའི་མི་མང་དང༌། ཨི་ཊ་ལའི་ནས་ཕེབས་པའི་བོད་དོན་རྒྱབ་སྐྱོར་བ་རྣམས་མཉམ་ཞུགས་གནང་ཡོད་པ་རེད། གཙུག་ལག་ཁང་གི་མདུན་ཐང་དུ་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན། ཨི་ཊ་ལའི་རྒྱབ་སྐྱོར་ཚོགས་པའི་འཐུས་མི། རྒྱ་རིགས་མང་གཙོ་དོན་གཉེར་བའི་འཐུས་མི་སོགས་ཀྱིས་བོད་དོན་སྐོར་གཏམ་བཤད་སྤེལ་ཡོད་པ་རེད།།