གསུམ་ཅུའི་དུས་དྲན་ཉིན་གྱི་རྔམ་སྟོན་ཁྲོམ་སྐོར།

ཟླ་འདིའི་ཚེས་༡༠ ཉིན་གསུམ་བཅུའི་དུས་དྲན་གྱི་གཞུང་འབྲེལ་མཛད་སྒོ་གྲོལ་བ་དང༌། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་གོ་སྒྲིག་འོག་དྷ་ས་གཙུག་ལག་ཁང་གི་མདུན་ཐང་ནས་ཀཱ་ཅ་རིའི་བར་དུ་མི་མང་གིས་རྒྱུན་ལྡན་བཞིན་བོད་རང་བཙན་གཙང་མ་ཡིན་ཟེར་བ་སོགས་རྒྱ་ནག་ལ་ངོ་རྒོལསྐད་འབོད་བྱས་ཡོད་པ་དང༌། ཀཱ་ཅ་རིའི་མདུན་ཐང་དུ་ལྡི་ལི་ནས་ཕེབས་པའི་རྒྱ་གར་གཱ་དའི་ཐེབས་རྩ་ཁང་གི་ཚོགས་གཙོ། བོད་གཞོན་ནུའི་ལྷན་ཚོགས་ཀྱི་དྲུང་ཆེ། དགུ་བཅུ་གསུམ་གྱི་དྲུང་ཆེ། རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ། བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་གཞོན་སོགས་ཀྱིས་དུས་དྲན་དང་འབྲེལ་བའི་གཏམ་བཤད་སྤེལ་ཡོད་པ་རེད།