ས་ཁྱོན་གྱི་བཞི་ཆ་གཅིག་ཟེར་བ་དེ་རང་ཡིན།
སྙིང་སྟོབས་དང་ལྡན་པ་ཡིན་པ་ཞིག་སྟོན་དགོས་པ་ད་ལྟ་ང་ཚོའི་ལག་བསྟར་བྱེད་བཞིན་པའི་ཆབ་སྲིད་ཀྱི་ལས་གཞི་འདིའི་ནང་གི་ཡན་ལག་ཅིག་རེད།དེ་ཡིན་པར་བརྟེན། གནས་ཚུལ་མང་ཆེ་བ་ཞིག་ང་རང་ཚོའི་ངོས་ནས་བསམ་གཞིག་བྱས་ནས་དྭངས་བླང་གི་ཐོག་ནས་འགྱུར་བ་བཏང་བ་དང་གུ་བཤངས་བྱས་པ་རེད་ཅེས་དང༌། ང་ཚོས་ཡིག་ཆ་སྤྲད་པའི་རྗེས་ལ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛམ་བུ་གླིང་ལ་མི་བཏང་ནས། ཁོང་ཚོས་རྒྱ་ནག་མི་མང་སྤྱི་རྒྱལ་ཁབ་ཀྱི་ས་ཁྱོན་གྱི་བཞི་ཆ་གཅིག་དགོས་ཀྱི་འདུག་ལབ་སྡོད་ཀྱི་འདུག་ཟེར་ནས་མཛུབ་མོ་བཙུགས་སྡོད་ཀྱི་ཡོད་པ་རེད། (མི་རིགས་ས་གནས་རང་སྐྱོང་གི་) ས་ཁྱོན་དེ་ཡིན་ཞེས་གསུངས་ཡོད་པ་རེད།
ཡང་དྲི་བ་གཞན་ཞིག་གི་ལན་དུ། བཀའ་ཤག་གི་གཏམ་བཤད་ནང་དུ་ད་ཐེངས་དགོས་འདུན་བཏོན་པ་ལས་གུ་བཤངས་བྱེད་རྒྱུ་མེད་ཟེར་བ་དེ་ཡོད་པ་རེད། དེ་དང་ཆབས་ཅིག་དེ་རིང་དགོས་འདུན་བཏོན་པ་དེ་ཁྱེད་རང་ཚོས་ངོས་ལེན་བྱེད་ཐུབ་ཀྱི་མེད་ན། ཁྱེད་རང་ཚོའི་ངོས་ནས་འཆར་གཞི་འདོན་རྒྱུ་ག་རེ་ཡོད་ཟེར་བ་དེ་ཡང་ང་ཚོས་སྒུག་དགོས་པ་རེད། དངོས་གནས་ལྷག་བསམ་རྣམ་དག་གིས་འབྲེལ་མོལ་བྱེད་ཀྱི་ཡོད་ན། འབྲེལ་མོལ་བྱེད་སྟངས་དེ། དེ་ཡོང་གི་མི་འདུག་མོད། ང་ཚོའི་ངོས་ནས་འདི་འདྲ་ཞིག་བྱེད་ཀྱི་ཡིན་ཞེས་ཡོང་དགོས་པ་འདྲ་རེད། དེ་མ་ཡོང་བ་དེ་འབྲེལ་མོལ་བྱེད་ཀྱི་ཡོད་ཟེར་བ་སྐྱག་རྫུན་རེད་འགྲོ་ཡི་རེད། གལ་སྲིད་ཁོང་ཚོས་དེ་ཡོང་གི་མི་འདུག་མོད། འདི་འདྲ་ཞིག་ལ་བསམ་བློ་གཏོང་གི་ཡིན་ཞེས་ཚུར་འཆར་གཞི་ཞིག་སྤྲད་པ་ཡིན་ན། བཀའ་ཤག་གིས་བསམ་ཞིབ་བྱེད་ཀྱི་རེད་དམ་ཞེས་དྲིས་པ་ཡིན་ན། ངེས་པར་དུ་བསམ་ཞིབ་བྱེད་ཀྱི་རེད། ངོས་ལེན་ཐོབ་དང་མི་ཐོབ་གནས་ཚུལ་ལོགས་ཀ་རེད། བསམ་ཞིབ་བྱེད་དགོས་པ་རེད་ཅེས་གསུངས་ཡོད་པ་རེད།།