གོང་ཆུང་ཤོས་ཀྱི་རླངས་འཁོར་གསར་པ།

དེ་བཞིན་དེང་སྐབས་འཛམ་གླིང་གི་དཔལ་འབྱོར་ཉམས་གུད་འགྲོ་བའི་དུས་དང་ཊཱ་ཊཱ་བཟོ་གྲྭས་འཛམ་གླིང་ནང་རླངས་འཁོར་རིན་གོང་ཆུང་ཤོས་བཏོན་པའི་དུས་གཉིས་མཉམ་དུ་ཁེལ་ཡོད་པས། ཚོང་ལས་ཐོག་ཤུགས་རྐྱེན་བཟང་ཕྱོགས་ནས་ཐེབས་སྲིད་པས་མ་ཚད། དེང་སྐབས་རྒྱ་གར་དུ་ཚོང་ཟོག་ཕྱིར་གཏོང་བྱེད་པ་ལས་ནང་འདྲེན་བྱས་པ་ཤུགས་ཆེ་བ་ཡོད་པས། གསར་ཐོན་གྱི་རླངས་འཁོར་འདིས་འཛམ་གླིང་དཔལ་འབྱོར་ཁྲོམ་རའི་འགྲན་རྩོད་ཁྲོད་དུ་རྒྱ་གར་གྱི་ཚོང་ཟོག་ཕྱིར་གཏོང་གི་གནས་བབ་མཐོན་པོར་གཏོང་ཐུབ་པའི་གདེངས་ཚོད་ཡོད་སྐོར་སོགས། བཟོ་གྲྭའི་འབྲེལ་ཡོད་ཚོང་དོན་གྱི་འགན་འཛིན་ཚོས་གསར་ལམ་ཁག་ཏུ་གནས་ཚུལ་ཁྱབ་སྤེལ་བཏང་ཡོད་པ་རེད།།