མོན་གྷོ་བོད་མིའི་གཞིས་སྒར་དུ་མར་མེའི་ཁྲོམ་སྐོར།
མར་མེ་ཁྲོམ་སྐོར་དེའི་མཇུག་སྡོམ་གསུང་བཤད་གནང་སྐབས་སུ་འདི་ལྟར་མར་མེ་ཁྲོམ་སྐོར་གནང་དགོས་པའི་སྐོར་ལ་ས་གནས་གཞོན་ནུའི་ཚོགས་གཙོས་འགྲེལ་བརྫོད་གནང་དོན་ལྟར་ན། ཟླ་འདིའི་ཚེས་ཡ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་ནས་རྒྱ་དམར་གྱིས་བོད་མི་ལྔ་ལ་ཉེས་མེད་ཉེས་འཛུགས་ཀྱིས་སྲོག་ཐོག་དང་ཚེ་བཚོན་གྱི་ཁྲིམས་ཆད་ནན་མོ་བཅད་ཡོད་པ་འདི་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་སྐོར་དང༌། དེ་བཞིན་རྒྱལ་སྦྱིའི་རང་བཞིན་ཅན་གྱི་ཁྲིམས་ལུགས་ཐོག་ནས་ཡང་བསྐྱར་ཁྲིམས་མཐུན་གྱི་ཐག་གཅོད་བྱ་རྒྱུའི་འབོད་བསྐུལ་ཞུ་བཞིན་ཡོད་ཅེས་གསུངས་སོང༌། མོན་གྷོ་ས་གནས་འགོད་པ་ཐུབ་བསྟན་བཀྲ་ཤིས་ཀྱིས།