ཁམས་ཉག་རོང་དུ་མི་དགུ་འཛིན་བཟུང༌།
དེར་བརྟེན་དམག་མི་དང་སྤྱི་བདེ་མི་སྣས་མི་མང་ཐོག་གང་བྱུང་མེ་མདའ་བརྒྱབ་པ་དང། བོད་མི་ཁ་ཤས་ལ་རྨས་སྐྱོན་བྱུང་ཡོད་འདུག གནས་ཚུལ་བྱུང་རྐྱེན་ནི་དེ་སྔོན་ཉག་རོང་ཁུལ་གྱི་བོད་མི་གསུམ་འཇུ་བཟུང་གི་ཁྲིམས་ཆད་ནན་མོ་གཅོད་རྒྱུའི་ཉེན་ཁ་ཡོད་པ་དེ་ཚོ་སྐྱོབས་ཐབས་དང། དེ་བཞིན་ས་བྱི་ལོའི་ཞི་རྒོལ་དང་འབྲེལ་བའི་མྱ་ངན་ངོ་རྒོལ་མཚོན་ཆེད་ཉག་རོང་ཁུལ་དུ་ད་དུང་ཡང་ས་ཞིང་འདེབས་ལས་མི་བྱེད་པའི་ལས་འགུལ་རྒྱུན་མཐུད་བཞིན་ཡོད་འདུག ཟླ་འདིའི་ཚེས་༡༥ ཉིན་འཇུ་བཟུང་བྱས་པ་ནི། མགོན་པོ་ཚེ་དབང༌། ཡིད་དགའ། ཨ་ལོ། གྲགས་བེ། ཟླ་བ་གྲགས་པ། རྒྱ་ཤེས། སྐྱ་ཀ། དགོན་བེ། སྐབས་དེར་རྐང་པར་མེ་མདའ་ཕོག་ཡོད་པ་བུད་མེད་ཨ་གདའ་བཅས་ཡིན་འདུག།།