པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་འཁྲུངས་སྐར་སྲུང་བརྩི།
། མོན་གྷོ་དབུས་གཏན་ཉིན་སློབ་གྲྭའི་སློབ་སྤྱི་ཕུན་རབ་ཆོས་བཟང་ལགས་བཅས་ཆེད་ཕེབས་གནང་སྟེ། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་ན་རིམ་གྱི་མཛད་རྗེས་དང་འབྲེལ་བའི་གསུང་བཤད་གནང་རྗེས། ས་གནས་མི་མང་གི་ནང་དུ་པཎ་ཆེན་རིན་ཆེ་དང་འབྲེལ་བའི་དྲི་བ་དྲི་ལན་གནང་བ་དང། དྲི་བར་ལན་འདེབས་ཡག་པོ་ཐེབ་མཁན་རྣམས་ལ་ལེགས་རྟགས་གནང་བ་དང། མཐར་ས་གནས་བུད་མེད་ཚོགས་གཙོ་དཔལ་མོ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུ་བའི་གསུང་བཤད་གནང་ནས་མཛད་སྒོ་གྲོལ་ཡོད་པ་རེད། །
མོན་གྷོ་ས་གནས་གསར་འགོད་པ་གཉིས་ཀྱིས།
