རྒྱ་ནག་གི་ཁོང་ཁྲོ་སྟོན་ཡུལ་གསུམ་ལ་རྒྱུ་མཚན་མི་འདྲ་བ་གསུམ།

    རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་བཤད་པ་ལྟར་ན། པ་རི་སི་གྲོང་ཁྱེར་གྱིས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་མི་རུང་། ངའི་རེ་འདུན་ལ་རྒྱ་ནག་དང་ཧྥ་རན་སི་མཉམ་འབྲེལ་གྱིས་མཐུན་སྒྲིལ་ལམ་དུ་བསྐྱོད་ཐུབ་པར་རེ་བ་ཡོད། ཏཱ་ལའི་བླ་མར་མཚན་མཐོང་གི་ཕྱག་ཁྱེར་ཕུལ་ན་ལུང་པ་གཉིས་ཀྱི་འབྲེལ་བར་ཕོག་ཐུག་འགྲོ་བའི་ཉེན་བརྡ་བཏང་ཡོད་པ་རེད། སྤྱིར་རྒྱ་ནག་གིས་དེ་སྔོན་ཨ་རི་དང་། ཨོ་སི་ཊོ་ལི་ཡ། ཇར་མི་ནི་བཅས་ལའང་༸གོང་ས་རྒྱལ་བ་རིན་པོ་ཆེར་མཚན་མཐོང་ཕུལ་བ་དང་གདན་འདྲེན་ཞུས་པ་སོགས་ལ་ངོ་རྒོལ་བྱས་ཡོད་པ་རེད།
    ཡང་ཉེ་ཆར༸རྒྱལ་བ་རིན་པོ་ཆེ་ཉི་ཧོང་བརྒྱུད་ནས་ཨ་རིར་ཕེབས་པའི་སྐབས་སུ་ཉི་ཧོང་གི་སྲིད་བློན་ཏ་རོ་ཨ་སོ་མཆོག་གིས་འདས་པའི་ལོ་༢༠རིང་ལ་རྒྱ་ནག་གི་བདེ་སྲུང་གི་འགྲོ་གྲོན་ལྡབ་གཉིས་ཀྱིས་འཕར་ཡོད་ཀྱང་ད་དུང་འདོད་པ་ཚིམས་མེད་པ་མངོན་གསལ་རེད། རྒྱ་ནག་གིས་རྡུལ་ཕྲན་མཚོན་ཆ་བཟོ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པ་རེད་ཅེས་བརྗོད་ཡོད་པར་མི་འདོད་པའི་རྣམ་འགྱུར་ཆེན་པོ་སྟོན་གྱི་ཡོད་པ་དང། རྒྱ་ནག་གིས་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་བཟོ་ཆོག་མིན་སྐོར་གྱི་དཀའ་རྙོག་ལ་རོགས་པ་བྱེད་ཀྱི་ཡོད་པ་དང། རྒྱ་ནག་ངོས་ནས་ཀྱང་རྡུལ་ཕྲན་མཚོན་ཆ་བཟོ་བར་འབད་བརྩོན་བྱེད་བཞིན་པར། ཉི་ཧོང་གིས་རྒྱ་ནག་གིས་སྤྱོད་སྟངས་ལ་འཛེམས་ཟོན་མེད་པར་དེའི་ཐད་དྲི་བ་བཏོན་ཡོད་པས་རྒྱ་ནག་མི་དགའ་བར་གྱུར་ཡོད།
    ཉེ་ཆར་མེག་ཛི་ཁོའི་མི་སེར་འགའ་ཞིག་ཧོང་ཀོང་དུ་འབྱོར་ཡོད་པས་རྒྱ་གཞུང་གིས་ཟུར་དུ་ཕག་ནད་སྔོན་འགོག་གི་ཆེད་དུ་བཀག་འགོག་བྱས་པ་དང་། མེག་ཛི་ཀོའི་གཞུང་གིས་ང་ཚོས་མི་སེར་༧༠ ཙམ་རྒྱ་ནག་སྐམ་ས་ཆེན་མོར་མགྲོན་ཁང་དང་སྨན་ཁང་ནས་ཟུར་དུ་བཀག་ཉར་བྱས་ཏེ་ཁོང་ཚོར་ཕག་ནད་གྱི་རྟགས་ཙམ་ཡང་མེད་པས། ཁོང་ཚོ་ལེན་དུ་གཞུང་གི་གནམ་གྲུ་ཞིག་བཏང་ཡོད་པས་རྒྱ་ནག་ཁོང་ཁྲོའི་གནས་སུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག