ཝུ་ཨར་ཀེ་ཤིའི་རེ་འབོད།

 

ཟླ་4ཚེས་2ཉིན་གྱི་དགོང་དྲོ་ཨ་རི་རླུང་འཕྲིན་ཁང་གསར་འགོད་པས་ཐའེ་པེ་ཀྲུང་བྱོ་ཤར་ལམ་གྱི་མངར་ཇ་ཁང་ཆུང་ཞིག་ཏུ་ཡུལ་གྱར་ལོ་ཉི་ཤུའི་ནང་གང་ཅིའི་ཐད་འགྱུར་ལྡོག་ཆེར་མེད་པའི་ཝུ་ཨར་ཁེ་ཤིར་བཅའ་འདྲི་བྱས་པ་རེད།

 

ཝུ་ཨར་ཁེ་ཤིས་ཀྱིས་རྒྱ་ནག་ཕྱིར་ལོག་སྟེ་བསམ་འདུན་མི་འདྲ་བ་གླེང་འདོད་ཡོད་ཅེས་དང༌།ཁོའི་ཡུལ་གྱར་དམངས་གཙོའི་སེམས་འདུན་གླེང་བ་དང༌།ང་རང་རྒྱ་ནག་ཕྱིར་ལོག་ཏེ་བསམ་ཚུལ་མི་འདྲ་བའི་རྣམ་པ་འཁྲབ་དགོས་པ་དང༌།ངའི་འཁྲབ་སྟོན་བྱེད་ཡུལ་དེའང་རྒྱ་ནག་ནང་རེད།ཡུལ་གྱར་གྱི་ལོ་ཟླ་མགྱོགས་ཙམ་མཇུག་སྒྲིལ་ཏེ་རྒྱ་ནག་ཕྱིར་ལོག་དགོས་པ་དེ་ནི་ང་ཚོའི་རེ་འདོད་ཆེས་ཆེར་དེ་ཡིན།དེར་བརྟེན།ཁོས་སླར་ཡང་རྒྱ་ནག་སྲིད་གཞུང་ལ་ཕྱི་རྒྱལ་དུ་ཡོད་པའི་དམངས་གཙོ་ལས་འགུལ་བའི་འགོ་ཁྲིད་ཕྱིར་ལོག་ཆོག་པའི་རེ་འབོད་ཞུ་བཞིན་པ་མ་ཟད། འབོད་བསྐུལ་དེའི་ཆབ་སྲིད་ཐད་ཀྱི་རྒྱུ་མཚན་འགྲེལ་བཤད་བརྒྱབ་ཡོད་པ་རེད།

 

རེ་འབོད་ནི་སྔོན་འགྲོ་འདི་འདྲིའི་ཐོག་ཡོད་དེ།འབོད་བསྐུལ་ཞུ་ཡུལ་ལ་སེམས་ཤུགས་ཡོད་པའི་ཐོག་རེ་བ་ངེས་ཅན་ཞིག་བརྒྱུད་འཛིན་བྱེད་པ་དེ་ཡིན། དོན་དངོས་ཐོག་ངས་འབོད་བསྐུལ་ཞུ་ཡུལ་རྒྱ་ནག་སྲིད་གཞུང་ལ་དེའི་ཐོག་རེ་བ་ཆེར་མེད་པ་ཡིན་ཡང༌། ངས་འདིར་སླར་ཡང་ཕྱོགས་འདིའི་ཐོག་ནས་འབོད་བསྐུལ་ཤུགས་ཆེན་ཞུ་འདོད་ཡོད།དེར་བརྟེན།རྒྱ་ནག་ཕྱིར་ལོག་ཐབས་ཐད་རྒྱ་ནག་སྲིད་གཞུང་དང་གྲོས་མོལ་བྱེད་འདོད་ཡོད་ལ།སྲིད་གཞུང་ཕྱོགས་ནས་ཆ་རྐྱེན་འགའ་བཏོན་པར་ཡང་ངོས་ལེན་བྱེད་འདོད་ཡོད།དཔེར་ན།ལོ་གྲངས་ཚད་བཀག་གི་ཐོག་ནས་དྲུག་བཞི་དོན་རྐྱོན་དང་འབྲེལ་མེད་གནས་པ།ཁོས་གལ་ཏེ་ཡུན་ཐུང་ནང་དྲུག་བཞི་དོན་རྐྱེན་དག་ཐེར་ཡོང་བའི་གནད་དོན་གླེང་སློང་མེད་ཀྱང༌།དོན་རྐྱེན་དེའི་སྐོར་གྱི་ལས་དོན་ཁ་གསབ་རིགས་འགོ་བཙུགས་དགོས་པ་རེད།

 

ཕན་ཚུན་ཆ་རྐྱེན་བཏོན་གྱི་ཡོད་ན།བགྲོ་གླེང་གི་ཐོག་ནས་བྱེད་དགོས་།དཔེར་ན།ལོ་གསུམ་ནང་ཚུད་ངའི་སྨྲ་བརྗོད་རང་དབར་ཚད་བཀག་མི་ཆོག་ ངས་པེ་ཅེང་དུ་གསར་འགོད་གསར་བསྒྲགས་སྤེལ་ཆོག་པ་སོགས་ཡིན། དེའི་ཐད་ཁོ་ཚོས་ཇུས་རྟོག་བྱ་ཆོག་གི་མེད། ཁོ་ཚོས་གང་བྱུང་གིས་འཇུ་བཟུང་བྱེད་མི་ཆོག་གལ་ཏེ་དེ་འདྲ་ཡིན་ན་དྲུག་བཞི་དོན་རྐྱེན་གྱི་གནད་དོན་དེའང་སེལ་སྲིད་པ་ཞིག་རེད།ངས་རྒྱ་ནག་སྲིད་གཞུང་གིས་བཏོན་བའི་ཆ་རྐྱེན་འགར་བསམ་གཞིག་བྱེད་སྲིད་ནའང༌།སྨྲ་བརྗོད་རང་དབང་དགོས་ཀྱི་ཡོད་པ་རེད་ཅེས་དང༌།ཝུ་ཨར་ཁེ་ཤི་ཡིས་1989ལོར་དམངས་གཙོ་ལས་འགུལ་ནང་བཞུགས་སྐབས།ང་ཚོས་སྲིད་གཞུང་དང་དམར་ཤོག་ཚོགས་པ་གཉིས་འགལ་ཟླ་རུ་བསྒྱུར་མྱོང་མེད་ལ།དེ་གཉིས་ཕན་ཚུན་ཁ་གཏད་དུའང་འཇོག་མྱོང་མེད།དེ་ནི་རྒྱ་ནག་སྲིད་གཞུང་གིས་སྐབས་དེར་ནོར་འཕྲུལ་གྱི་སྲིད་ཇུས་ལག་བསྟར་བྱས་པ་དང༌།ལག་ཏུ་ཁབ་ཙམ་ཐོགས་མེད་པའི་སློབ་མ་རྣམས་ལ་མེ་མདའ་བརྒྱབ་ཏེ་འཛམ་གླིང་ཡོངས་ཧོན་ཐོར་བའི་དྲུག་བཞི་དོན་རྐྱེན་དེ་བཟོས་པ་རེད།གནས་སྟངས་དེ་འདྲར་བརྟེན་ནས་སྲིད་གཞུང་ཁ་སྐྱེང་དགོས་པའི་གནས་སྟངས་ཟེར་བ་དེར་གྱར་ཡོད་པ་རེད་ལ།སྐབས་དེའི་དུས་ཀྱི་སློབ་མ་དང་སློབ་མའི་འགོ་ཁྲིད་ཚོར་དགྲ་བོའི་འདུ་ཤེས་འཛིན་དགོས་བྱུང་བ་རེད།

 

རྒྱ་ནག་སྲིད་གཞུང་ངོས་ནས་ལོ་རྒྱུས་ཀྱི་འཁུར་པོ་དེ་དོར་ཐབས་བྱ་བར་དཔའ་ངར་དང་བློ་གྲོས་དགོས་།ཝུ་ཨར་ཁེ་ཤིའི་ཡིས་རྒྱ་ནག་སྲིད་གཞུང་གིས་གནད་དོན་དེར་གཡོལ་ཐབས་མི་བྱེད་པའི་རེ་འབོད་ཞུ་བ་དང༌།གནད་དོན་དེར་གཡོལ་དགོས་དོན་ཡང་ཡོད་མ་རེད།དེ་ལྟར་བྱུང་ན་རྒྱལ་ཁབ་ཀྱི་ཞི་བདེ་དང་བདེ་འཇགས་ལ་ཕན་པ་དང༌།སྤྱི་ཚོགས་སུ་འགལ་ཟླ་མི་ཡོང་བར་ཕན་ཐོག་ཡོད་པ་མ་ཟད་སྲིད་གཞུང་ལའང་ཕན་ཐོག་ཡོད་པ་ཞིག་རེད།བགྲང་བྱ་ཉི་ཤུ་ཉེ་བར་ཡུལ་གྱར་གྱི་འཚོ་བའི་ཕྲོད་ང་རང་མི་སྤྱི་སྟངས་བ་ཞིག་ཡིན་ལ།དོན་དམ་དང་ལྡན་པའི་སློབ་མའི་ལས་འགུལ་དེའི་གཙོ་འགན་པའམ་འགོ་དཔོན་ཟེར་བ་ཞིག་རེད།དེ་རྗེས་བཙན་བྱོལ་དུ་ཡོང་དགོས་བྱུང་བ་ལས།སོ་སོ་ལྷའི་ཁྲི་ཐོག་ཏུ་སླེབས་པའི་ངོས་འཛིན་བྱེད་མྱོང་མེད།ཝུ་ཨར་ཁེ་ཤིའི་ཡིས་ཁོ་རང་ཐའེ་ཝན་ཡུལ་མིའི་ཐོབ་ཐང་ལག་འཁྱེར་རག་པའི་རེ་བ་བྱེད་ཀྱི་ཡོད་ལ།གཞན་གྱིས་རེ་བསྐུལ་ལྟར་ཆབ་སྲིད་ཀྱི་དཔྱད་བརྗོད་སྤེལ་བ་ཕུད།ད་དུང་དཔལ་འབྱོར་དང་འབྲེལ་བའི་ཚོང་ལས་ཚོགས་པ་ཞིག་ཀྱང་གཉེར་བཞིན་པ་རེད།ཁོའི་བཟའ་ཟླ་དང་ཕྲུ་གུ་ཐའེ་ཝེན་གྱི་གྲོང་ཁྱེར་ལྟེ་བར་གནས་བསྡོད་བྱེད་ཡོད་པ་རེད།འོན་ཀྱང་ཝུ་ཨར་ཁེ་ཤི་ཡིས་མཐའ་མཇུག་ཁོ་རང་མེས་རྒྱལ་དུ་ཕྱིར་ལོག་འདོད་པའི་སེམས་འདུན་མཚོན་ཡོད།ཕྱིར་ལོག་པ་ནི་བཙོན་དུང་དུ་འཚོ་དགོས་པའང་སྲིད་ཀྱི་རེད།ཁོ་རང་ཐའེ་ཝན་གནས་བསྡད་བྱེད་པའི་རྒྱུ་མཚན་ཞིག་ནི། གལ་ཏེ་ཕྱིར་ཕ་ཡུལ་དུ་ལོག་ཐུབ་ན་ཐའེ་ཝན་ནས་ཕྱིན་པ་ཡིན་ན་ཐག་ཉེ་པོ་ཡིན་པའང་ངོས་འཛིན་བྱེད་ཀྱི་འདུག

 

ལོ་ཉི་ཤུའི་སྔོན་གྱི་དམངས་གཙོ་ལས་འགུལ་ནང་ཞུགས་དགོས་པའི་ཐོག་མའི་དམིགས་ཡུལ་འཆད་དུས་ཝུ་ཨར་ཁེ་ཤི་ཡིས་ཕྱི་ལོ་1989ལོར་ང་ཚོས་རྒྱལ་ཁབ་ལ་སེམས་འཁུར་ཡོད་པའི་ཐོག་ནས་སམ།དམངས་གཙོ་རང་བཞིན་ཅན་དང་དེང་རབས་རང་བཞིན་ཅན་གྱི་འཕེལ་རིམ་ལ་སེམས་འཁུར་ཡོད་པའི་ཐོག་ནས་གྱ་དགུ་ལོའི་སློབ་མའི་ལས་འགུལ་དུ་ཞུགས་པ་ཞིག་རེད།ལོ་ངོ་ཉི་ཤུའི་དུས་རིམ་བརྒྱུད་པ་དེའང་ད་ཆ་གཏིང་ཟབ་ཏུ་འགྲོ་བཞིན་པའི་ལོ་ངོ་ཉི་ཤུའང་ཡིན།ངས་བསམ་པར་སྐབས་དེའི་དུས་ཀྱི་ངའི་ཐོག་མའི་སེམས་འདུན་དེར་འགྱུར་ལྡོག་བྱུང་མེད་པ་མ་ཚད།དོན་དངོས་ཐོག་གཏིང་ཟབ་ཏུ་འགྲོ་བཞིན་པ་ཞིག་རེད།སྐབས་དེའི་དུས་ཀྱི་ཐོག་མའི་འོས་འགན་དང་འགན་འཁྲི་འཁྱེར་དགོས་པའི་ཐད་ལ་བསམ་གཞིགས་གཏིང་ཟབ་ཅིག་ཀྱང་བྱེད་ཐུབ་ཀྱི་འདུག་  

 

1989ལོར་པེ་ཅིང་སྲིད་གཞུང་གིས་པེ་ཅིང་སློབ་མའི་ལས་འགུལ་དྲག་གནོན་བྱས་རྗེས།ཐོག་མར་དེ་ནི་གསར་བརྗེ་ངོ་ལོག་པའི་ལས་འགུལ་རེད་ཅེས་སྒྲོག་ཡོད་པ་དང༌།ལོ་ཁ་ཤེས་རྗེས་སུ་སླར་ཡང་སྲིད་གཞུང་དཔོན་ཕྱོགས་མི་སྣས་པེ་ཅིང་དམངས་གཙོའི་ལས་འགུལ་དེ་ནི་ཆབ་སྲིད་ཀྱི་ཡོ་ལངས་ཤིག་ཡིན་ཚུལ་བཤད་སྟངས་བཅོས་བསྒྱུར་བཏང་ཡོད་པ་རེད།སྲིད་གཞུང་ངོས་ནས་དྲག་གནོན་གྱི་རྒྱུད་རིམ་ནང་མི་གྲངས་སུམ་བརྒྱ་ལྷག་གི་ཚེ་སྲོག་ཤོར་ཡོད་པར་ངོས་ལེན་བྱས་ཡོད།འོན་ཀྱང་དམངས་ཁྲོད་ནང་མི་ཤི་བའི་གྲངས་ཁ་དེ་ལས་ལྡབ་ལོག་གི་མང་བ་ཡོད།

 

ཝུ་ཨར་ཁེ་ཤི་ཨ་རི་རླུང་འཕྲིན་ཁང་གི་ཆེད་དུ་བཅར་འདྲིར་བྱེད་སྐབས་08རྩ་ཁྲིམས་ཀྱི་ལས་འགུལ་དང༌།རྒྱ་ནག་དང་ཤར་ཨེ་ཤ་ཡའི་ཡུལ་གྲུ་ཁག་གི་དམངས་གཙོའི་ལམ་ལུགས་དང་ནུབ་ཕྱོགས་དམངས་གཙོའི་ལམ་ལུགས་དབར་གྱི་ཁྱད་པར།ཐའེ་ཝན་དམངས་གཙོ་ལམ་ལུགས་ཀྱི་གྲུབ་སྟངས་དང་ཁྱད་ཆོས།དེ་བཞིན་མཚོ་ངོགས་ཕྱོགས་གཉིས་ཀྱི་འབྲེལ་བ་སོགས་ཀྱི་གནས་དོན་སོགས་ལའང་བསམ་ཚུལ་བརྗོད་ཡོད་པ་རེད།