ཡེ་ཤེས་སྒྲོལ་མ

ཆར་པས་ཤུགས་ཀྱི་ལུས་པོ་བངས་ནས་ཁྱིམ་འཚེས་ཨ་མའི་སྒོ་རྡུང་དུས།

ཡིད་འོང་སྐྱེས་གཟུགས་ལྷ་ལས་མཛེས་པའི་ཡེ་ཤེས་སྒྲོལ་མས་སྒོ་གླེགས་ཕྱེ།

སེམས་པ་གྲང་མོ་འཁྱགས་པས་བསྡམས་ནས་རེ་ཞིག་མོ་ཡི་ངོ་ལ་གཅེར།

ཡར་ཤོག་ཟེར་བའི་གསུང་སྙན་ཐོས་དུས་སྡུག་བསྔལ་བརྒྱ་ལས་སད་དང་མཚུངས།