པཎ་ཆེན་རིན་པོ་ཆེ་འཚོལ་བ།
བུད་མེད། གངས་ལྗོངས་རང་བདེན་རྩོད་ལེན་མཐུན་བཅས་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐེངས་འཚོགས་པར། རྒྱ་ནག་གིས་པཎ་ཆེན་རིན་པོ་ཆེ་ཕ་མ་དང་བཅས་པ་ཆ་རྐྱེན་གང་ཡང་མེད་པར་མྱུར་དུ་ཀློད་གྲོལ་དགོས་པའི་འབོད་སྐུལ་ཤུགས་དྲག་བྱ་དགོས་པ་དང༌། ཁོང་ལ་བཙོན་ཁང་དུ་བཞུགས་ཡུན་རིང་ཆོས་དང་སློབ་སྦྱོང་གི་ཁེ་དབང་ཚུལ་མཐུན་ཆ་རྐྱེན་སྤྲད་དགོས་པ། ཁོང་གི་གནས་བབས་རྒྱུས་ལོན་ཆེད་རང་དབང་གི་རྟོག་ཞིབ་པ་གཏོང་དགོས་པ་བཅས་ཀྱི་རེ་འདུན་དོན་ཚན་གསུམ་ཅན་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་འགྲེལ་བརྗོད་གནང་སོང༌། ད་དུང་གསལ་འགོད་གསལ་བསྒྲགས་དེའི་ནང་ཆུང་སྲིད་པཎ་ཆེན་རིན་པོ་ཆེའི་གནས་ཚུལ་ངོ་མ་ཞིག་ད་དུང་གསལ་རྟོགས་བྱུང་མེད་པའི་སྐོར་ཡང་འཁོད་ཡོད་པ་རེད། མེ་སོར་གསར་འགོད་པས།