པཎ་ཆེན་རིན་པོ་ཆེ་གློད་གྲོལ་ཡོང་ཐབས་སྐོར་གྱི་བགྲོ་གླེང།

    སྤྱིར་རྒྱ་ནག་གཞུང་ངོས་ནས་པཎ་ཆེན་རིན་པོ་ཆེའི་ཐད་འགྲེལ་བརྗོད་ཐེངས་བརྒྱད་ཙམ་བྱས་ཡོད་ནའང་བཙོན་པར་ངོས་འཛིན་བྱས་མེད་པ་མ་ཟད། ཁོང་གི་གནས་བབས་ཁ་གསལ་ཞིག་རྩ་བ་ནས་བརྗོད་མེད་པས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ཀྱིས་ད་བར་ལས་འགུལ་གང་མང་སྤེལ་བཞིན་ཡོད་ནའང༌། ཁོང་སྐུ་འཚོ་བཞུགས་ཡོད་མེད་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། བགྲོ་གླེང་སྐབས་སུ་གཏམ་བཤད་བྱེད་མཁན་དང་མི་མང་གིས་དྲི་བ་དང་བསམ་ཚུལ་བརྗོད་པའི་སྙིང་དོན་ནི། པཎ་ཆེན་རིན་པོ་ཆེའི་ཡང་སྲིད་གློད་གྲོལ་ཡོངས་ཐབས་ལ་གཞུང་དང་ཚོགས་པ་ཁག  མི་སྒེར་ངོས་བཅས་ནས་ལས་འགུལ་སྤེལ་རྒྱུ་གལ་ཆེ་སྐོར་ཤུགས་ཆེན་བརྗོད་ཡོད་པ་རེད། དགོང་དྲོ་ཆུ་ཚོད་དྲུག་པར་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག་པཎ་ཆེན་རིན་པོ་ཆེའི་ཆེད་དུ་མར་མེའི་ཁྲོམ་སྐོར་ཞིག་ཀྱང་བྱས་ཡོད་པ་རེད།།