ནང་ཆོས་ཀྱིས་སྤྱི་ཚོགས་ཞབས་ཞུ།

བགྲོ་གླེང་དེར་ས་གནས་མི་མང་དང་སློབ་ཕྲུག་སོགས་ཚོགས་བཞུགས་བྱས་པ་དང། དགའ་ལྡན་བྱང་རྩེ་ལས་ཐོག་དབུ་མཛད་དགེ་འདུན་རྒྱ་མཚོ་ལགས་ཀྱིས་གསུང་བཤད་གནང་དོན། གཞི་རྩའི་ནང་ཆོས་ནི་འགྲོ་བ་མིའི་སྤྱི་ཚོགས་ཙམ་མ་ཟད་སེམས་ཅད་ཐམས་ཅད་ལ་གནས་སྐབས་དང་མཐར་ཐུག་གི་ཕན་པའི་ལམ་ཆེན་པོ་ཞིག་ཡིན་པ་སྨོས་མ་དགོས་པ་རེད་བསམ་གྱི་འདུག དེ་རིང་ངས་འདིར་བཤད་བཞིན་ཡོད་པའི་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ།  མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས། ལས་རྒྱུ་འབྲས། ཆོག་ཤེས་ཀྱི་བློ་སོགས་མི་སུ་ཞིག་གིས་ཉམས་ལེན་ནམ་ལག་ལེན་བྱས་ཚེ་འཕྲལ་ཕུགས་གཉིས་ཆར་ཞབས་འདེགས་སམ་ཕན་པ་འབའ་ཞིག་ཆགས་ཀྱི་ཡོད་པ་རེད། གང་ཡིན་ཟེར་ན། ཆོས་ཐམས་ཅད་ལྟོས་གྲུབ་དང་གཅིག་ལ་གཅིག་བརྟེན་གྱིས་འབྱུང་གི་ཡོད་པས། དེ་ལས་ཞབས་འདེགས་དང་ཕན་ཐོགས་ཆེ་བའི་ལས་ཀ་ཞིག་བསྒྲུབ་རྒྱུ་ཡོད་པ་མ་རེད་ཅེས་གསུངས་སོང།།    མོན་གྷོ་གསར་འགོད་པས།