ང་ཚོར་རྒྱ་ནག་དང་གྲོས་མོལ་བྱེད་རྒྱུར་གྲ་སྒྲིག་ཡོད།

ལོ་སྔོན་མའི་ཟླ་བ་༡༡ པའི་ནང་བོད་ཀྱི་འབྲེལ་མོལ་སྐུ་ཚབ་ཚོས། བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་དང་བོད་མི་མང་གི་མངོན་འདོད་མཚོན་པའི་དབུ་མའི་ལམ་གྱི་དགོངས་དོན་ཚང་བའི་ཡིག་ཆ་ཞིག རྒྱ་ནག་གཞུང་ལ་ཕུལ་ཡོད་པ་དེར་རྒྱ་ནག་གིས་སྐྱོན་བརྗོད་སྣ་ཚོགས་བྱས་ཏེ་དང་ལེན་བྱས་མེད་པ་རེད།
    སྐལ་བཟང་རྒྱལ་མཚན་མཆོག་གིས། ང་ཚོའི་མངོན་འདོད་ལ་རྒྱ་ནག་གིས་ངོ་རྒོལ་བྱེད་ཀྱི་ཡོད་རུང༌། ྋགོང་ས་མཆོག་དང་བཙན་བྱོལ་ནང་གི་དཔོན་རིགས་ཚོས་གནད་དོན་དེ་ལ་གྲོས་མོལ་དོན་ཕན་ལྡན་པ་ཞིག་བྱེད་རྒྱུར་གྲ་སྒྲིག་ཨང་གསར་ཡོད་ལ། ང་ཚོའི་ངོས་ནས་རྒྱ་ནག་མི་མང་གིས་བོད་མིའི་མངོན་འདོད་ཤེས་ཚོར་ཐུབ་དགོས་རྒྱུ་དེའང་གནད་དོན་གལ་ཆེ་ཤོས་ཤིག་ལ་བརྩི་ཡི་ཡོད་ཅེས་གསུངས་ཡོད་པ་རེད།
    ཡིན་ནའང་ཕྱི་ཟླ་བ་༣ པའི་ནང་རྒྱ་ནག་གི་སྲིད་བློན་ཝོན་ཇཱའོ་པོ་ཡིས། པེ་ཅིང་ནས་དགོས་འདུན་བཏོན་པ་བཞིན་ྋགོང་ས་མཆོག་གིས་བོད་མེས་རྒྱལ་དང་ཁ་བྲལ་རྩོད་རྒྱུ་དེ་དོར་བ་ཡིན་ན།  རྒྱ་ནག་གིས་གྲོས་མོལ་གྱི་སྒོ་ཆེན་དེ་ག་དུས་ཡིན་ཡང་ཕྱེ་ནས་བཞག་ཡོད་ཅེས་གསུངས་ཡོད་པ་རེད།
    རྒྱ་ནག་གི་དཔོན་རིགས་ཚོའི་ལངས་ཕྱོགས་ནི་གང་ཐུབ་གང་ཐུབ་བོད་དོན་རྒྱབ་སྐྱོར་པ་ཚོའི་དགོས་འདུན་བཏོན་པ་རྣམས་འགོག་ཐབས་བྱེད་བཞིན་ཡོད་ལ། ཁོ་ཚོས་ྋགོང་ས་མཆོག་གི་དབུ་མའི་ལམ་གྱི་སྲིད་ཇུས་དེས་རྒྱ་ནག་གི་ས་ཆའི་བཞི་ཆ་གཅིག་ཟིན་རྒྱུར་ཐབས་ལམ་འཚོལ་གྱི་ཡོད་པས། ནམ་ཡང་ངོས་ལེན་བྱེད་ཐབས་མེད་པའི་བསམ་ཚུལ་འཛིན་གྱི་ཡོད་པ་རེད་ཅེས་གསར་ལམ་ཁག་ནས་གནས་ཚུལ་སྤེལ་ཡོད་པ་རེད།།