ཨོ་སི་ཁྲུ་ལི་ཡར་རྒྱ་གར་སློབ་མའི་དཀའ་ངལ།
དེ་ལྟར་བྱེད་དོན་ལ་རྒྱུ་མཚན་དམིགས་བསལ་གང་ཡང་མེད་པས། རྒྱ་གར་གྱི་ཡུལ་མི་དང་ཨོ་སི་ཁྲུ་ལི་ཡ་ལ་ཡོད་པའི་རྒྱ་གར་བ་ཚོས། མི་རིགས་དབྱེ་འབྱེད་རིང་ལུགས་དེ་ཨོ་སི་ཁྲུ་ལྀ་ཡར་རོ་ལངས་བརྒྱབ་སོང་ཞེས་ངོ་རྒོལ་སྐད་འབོད་བྱས་ཡོད་པའི་རྐྱེན་གྱིས། ཨོ་སི་ཁྲུ་ལི་ཡའི་སྲིད་བློན་གྱིས་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག ང་ཚོའི་ལུང་པར་མི་རིགས་དབྱེ་འབྱེད་རིང་ལུགས་ཟེར་བ་རྩ་བ་ནས་མེད་པ་དང༌། རྒྱ་གར་དང་ཨོ་སི་ཁྲུ་ལི་ཡ་གཞུང་གཉིས་དབར་མཛའ་མཐུན་མཉམ་འབྲེལ་དེ་ཧ་ཅང་ཡག་པོ་ཡོད་ལ། ང་ཚོའི་གཞུང་ངོས་ནས་ལོ་རེར་རྒྱ་གར་སློབ་མ་༡༠༠༠༠༠ མ་ཟིན་ཙམ་བླངས་ནས་སློབ་སྦྱོང་གི་མཐུན་རྐྱེན་སྦྱར་གྱི་ཡོད། འདས་པའི་གཟའ་འཁོར་གཅིག་གི་སྔོན་དུ་བྱུང་བའི་འཁྲུག་འཛིང་དེར་གཞུང་གི་ངོས་ནས་བརྟག་དཔྱད་དཔྱིས་ཕྱིན་པ་བྱེད་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད། རྒྱ་གར་གྱི་སློབ་མ་མང་ཆེ་བ་པཱན་རྗབ་ཡིན་པས་རྒྱ་གར་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཡང་མང་ཆེ་བ་པཱན་རྗབ་ཡིན་པ་རེད།།
