བོད་པའི་གློག་བརྙན་ཞིག་ལ་གཟེངས་རྟགས།

སྐབས་དེར་གློག་བརྙན་ཞིབ་བཤེར་པ་རྣམས་ཀྱིས་པདྨ་ཚེ་བརྟན་ལགས་སུ་སྔགས་བརྗོད་གནང་བ་དང༌། མ་འོངས་པར་བོད་ནས་གློག་བརྙན་གང་མང་ཐོན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་འདུགཔདྨ་ཚེ་བརྟན་ལགས་ཀྱིས་དེ་སྔོན་<<མ་ཎི་རྡོ་འབུམ་>>ཞེས་པའི་གློག་བརྙན་ཞིག་ཀྱང་འཁྲབ་ཁྲིད་བྱས་ཡོད་པ་དང༌། ཁོང་ཨ་མདོ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཁོངས་སུ་ཕྱི་ལོ་༡༩༦༩ ལོར་སྐྱེས་པ་དང༌། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་བོད་ཀྱི་རིག་གནས་སློབ་མཐར་ཕྱིན་རྗེས་གློག་བརྙན་དང༌། རྩོམ་རིག་ཚགས་པར་སོགས་ཀྱི་ཐོག་ལས་དོན་བྱེད་མྱོང་ཡོད་པ་རེད།།