བོད་མི་ཞིག་ལ་ལོ་གསུམ་གྱི་ཁྲིམས་ཆད།
གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཡུའུ་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཞེས་པའི་འབྲིང་རིམ་མི་མང་ཁྲིམས་ཁང་ནས་བོད་མི་མགོན་པོ་ཚེ་རིང་ལ་ལོ་གསུམ་གྱི་ཁྲིམས་ཐག་བཅད་ཡོད་པ་དང། ཁོང་ལ་ཕྱི་རྒྱལ་གྱི་མི་དྲུག་ལ་གློག་འཕྲིན་དང། ཁ་པར་བརྒྱུད་ནས་བོད་ནང་གི་ཞི་བའི་ངོ་རྒོལ་སྐོར་གྱི་གནས་ཚུལ་མཁོ་སྤྲོད་བྱས་པ་དང། རྒྱལ་ཁབ་ཁ་བྲལ་གྱི་ནག་ཉེས་བཙུགས་ནས་ཁྲིམས་བཤེར་གྱི་འགྲོ་སྟངས་ཁྲིམས་རྩོད་པ་སོགས་གང་ཡང་མེད་པར་ཁྲིམས་ཐག་བཅད་པ་ཞིག་ཡིན་འདུག ༢༠༠༨ ལོར་བོད་ནང་དུ་ཞི་རྒོལ་བྱུང་བ་ནས་བཟུང་རྒྱ་ནག་གཞུང་གིས་ཁ་བྲལ་བའི་ཉེས་མིང་འོག་བོད་ས་གང་སར་ཁྲིམས་ཐག་རྒྱུན་ཆད་མེད་པར་གཅོད་བཞིན་ཡོད་པ་རེད།།