རྒན་བྱམས་པ་ཆོས་གྲགས་ལགས་སྐུ་གཤེགས་པའི་ཡིད་སྐྱོའི་ གནས་ཚུལ།
དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་སློབ་གྲྭ་དང༌།ཉག་རེ་ཁང་ཚན་ནས་མཁས་དབང་རྒན་བྱམས་པ་ཆོས་གྲགས་མཆོག་སྐུ་གཤེགས་པའི་གནས་ཚུལ་དང་ཁོང་གི་མཛད་རྣམ་མཁོ་སྤྲོད་གནང་བ་ལྟར་ན། མཁས་དབང་རྒན་བྱམས་པ་ཆོས་གྲགས་ལགས་ནི་ ༡༩༣༣ ལོར་ཁམས་མདོ་སྟོད་བྲག་གཡབ་བླ་བྲང་གི་ལས་སྣེ་སྡེ་པ་ནང་སོ་ཚང་གི་བརྒྱུད་འཛར་གྱར་བ་གྲོང་མགོ་ཚང་ཞེས་ཕ་རབས་བུ་རྒྱུད་ནས་གནམ་བསྐོས་དགའ་ལྡན་ཕོ་བྲང་པ་ཆེན་པོར་ཁྲལ་རྐང་འཛིན་པའི་དུད་ཚང་འཁོས་ཆུང་ཞིག་གི་མི་རྒྱུད་དུ་སྐུ་འཁྲུངས། ཕྱི་ལོ་ ༡༩༣༩ དགུང་ལོ་དྲུག་ནས་ཡི་གེ་འབྲི་ཀློག་གཙོ་འདོན་དང༌། ཆོས་སྤྱོད་སོགས་འདོན་ཆོས་རིགས་བློ་འཛིན་གནང༌། ༡༩༥༤ དགུང་ལོ་བཅོ་ལྔ་སྟེང་དབུས་ཕྱོགས་སུ་ཕེབས་ཏེ་རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་གདན་ས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཡ་གྱལ་དཔལ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་ཆོས་སྒོར་ཞུགས་སྟེ་དགུང་ལོ་ ༢༥ བར་ལྷ་ལྡན་སྨོན་ལམ་ཆེན་མོ་དང༌། ཚོགས་མཆོད། གསང་ཕུ་དབྱར་ཆོས། འཇང་དགུན་ཆོས་བཅས་སུ་ལོ་ལྟར་ཆོས་འགྲིམས་བསྐོར་ཏེ་གཞུང་ཆེན་མོར་ཐོས་བསམ་སློབ་གཉེར་གནང༌། ༡༩༥༩ རང་ལོ་ཉེར་དྲུག་སྐབས་བོད་དུ་དུས་འགྱུར་བྱུང་སྟེ་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་ཕེབས་པའི་ཞབས་རྗེས་སུ་བོད་རིགས་སེར་སྐྱ་ཕོ་མོ་ཁྲི་ཕྲག་དུ་མ་དང་མཉམ་དུ་ཕེབས། ཐོག་མར་སྦག་ས་ཐོས་བསམ་ཐར་འདོད་གླིང་དུ་བསྟན་པའི་སོན་རྩ་རིས་མེད་དགེ་འདུན་ཞལ་གྲངས་ ༡༥༠༠ གྲས་སུ་གཞུང་ཆེན་མོར་ཐོས་བསམ་སློབ་གཉེར་དང༌། ཞོར་དུ་གཟབ་ཆེན་དང་གཟབ་ཆུང་གི་བྲིས་གཟུགས། དབུ་ཆེན་བྲིས་གཟུགས། སྙན་སུམ་བཅས་ལའང་སྦྱང་པ་མཐར་ཕྱིན་པ་མཛད། ཕྱི་ལོ་ ༡༩༦༢ ལོའི་དགུང་ལོ་ ༢༩ པར་རང་གཞུང་ཆོས་དོན་ལས་ཁུངས་ནས་བཀའ་ཕེབས་བཞིན་སྦག་སའི་དོན་གཅོད་བརྒྱུད་རྡ་སར་དབུ་ཆེན་ཡིག་འབྲིར་བཀའ་འགུགས་གནང་དོན་ཞབས་བཅར་གྱིས་ལོ་ངོ་གསུམ་གནང་ཞིང༌། དེའི་སྐབས་སྨན་རྩིས་ཁང་གི་ལོ་ཐོའི་དཔར་ཡིག་འབྲི་རྒྱུ་དང༌། ཇཱ་མུ་ཀ་ཤི་མིར་མངའ་སྡེའི་གཞུང་ཁོངས་ལ་དྭགས་ཀྱི་བོད་ཡིག་སློབ་དེབ་འབྲི་རུ་གཞུང་འབྲེལ་ཆེད་བསྐྱོད་ཀྱིས་ཞུ་སྒོ་འཐུས་ཚང་ཞུས། ༡༩༦༥ ནས་ལོ་གཉིས་རིང་རང་གཞུང་ཤེས་རིག་ལྷན་ཁང་གིས་ཐད་ཀར་འཛིན་སྐྱོང་འོག་རྡ་ཤོད་དགེ་འོས་ཟབ་སྦྱོང་བྱས་པར་བཙུན་པ་དང་བཙུན་མ་ཁྱོན་བསྡོམས་མི་གྲངས་ ༢༦ ཁོངས་ནས་ཨང་དང་པོའི་ཕྱག་ཁྱེར་བཞེས། ཕྱི་ལོ་ ༡༩༦༧ དགུང་ལོ་ ༣༡ སྟེང་རྡ་ཤོད་ཟུར་གསོག་སློབ་དགེ་དང་དེ་རྗེས་ཨ་བྷ་ནཱ་ཐའི་ཀོ་སྤྲིར་ཟུར་སྐྱོང་སློབ་གྲྭའི་དགེ་རྒན། ཤེས་རིག་ལྷན་ཁང་གི་ཡིག་ཆའི་དཀར་ཆག་བཟོ་འགོད། མ་སུ་རིར་དབྱིན་བོད་ཤན་སྦྱར་ཚིག་མཛོད་བཟོ་བསྐྲུན་གྱི་བོད་ཡིག་ལས་འགན་འཐུས་ཚང་གནང༌། ཕྱི་ལོ་ ༡༩༦༨ ནས་རྡོར་གླིང་བོད་གཞུང་གཏན་སློབ་ཏུ་ལོ་བཞི། ༡༩༧༢ ནས་སིམ་ལ་གཏན་སློབ་ཏུ་ལོ་བརྒྱད། ཕྱི་ལོ་ ༡༩༨༡ ནས་ཏེ་ཛུ་གཏན་སློབ་ཏུ་ལོ་བདུན། ༡༩༨༨ ནས་མོན་གྷོ་གཏན་སློབ་ཏུ་ལོ་གཉིས། ༡༩༩༡ ནས་སིམ་ལ་གཏན་སློབ་ཏུ་སླར་ཡང་ལོ་གསུམ་བཅས་ལོ་ངོ་ ༢༦ རིང་གཙོ་བོ་རང་གཞུང་གཏན་སློབ་ཁག་ཏུ་བོད་དགེའི་ཐུགས་འགན་ལྷག་བསམ་རྣམ་དག་གནང་ཐོག །ཞོར་དུ་ས་གནས་ཁ་ཤས་ཀྱི་གཞོན་ནུའི་ཚོགས་གཙོ་དང༌། རང་བདེན་ཚོགས་ཆུང་གི་དྲུང་ཆེ། བོད་ཡིག་དགེ་འོས་ཟབ་སྦྱོང་པ་རྣམས་ལ་སྙན་སུམ་དང༌། དག་ཡིག
།རྒྱལ་རབས་དང་ཆོས་འབྱུང་སོགས་སློབ་ཁྲིད་གནང༌། ཕྱི་ལོ་ ༡༩༧༣ ནས་ ༡༩༩༣ བར་ལོ་བཅུའི་རིང་རང་གཞུང་ཤེས་རིག་ལས་ཁུངས་ཀྱི་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གི་ལས་དོན་རྐང་འཛིན་གནང༌།
ཕྱི་ལོ་ ༡༩༩༤ ལོར་རྒན་ཡོལ་ཐོབ་ནས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཁོངས་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དང༌། ཉག་རེ་ཁང་ཚན་དུ་གཏན་བཞུགས་གནང་སྟེ་གྲྭ་ཚང་གི་སློབ་དགེར་བསྐོ་བཞག་གིས་སློབ་ཕྲུག་རྣམས་ལ་སྙན་སུམ། དག་ཡིག །རྒྱལ་རབས། ཆོས་འབྱུང༌། ཡིག་གཟུགས་དང་བཅས་པར་ལོ་ངོ་ ༡༥ རིང་སློབ་ཁྲིད་ཐུགས་འགན་རྐང་བཞེས་གནང༌། ཞོར་དུ་གྲྭ་ཚང་གི་བླ་སྤྲུལ་སྐུ་ན་གཞོན་པ་དང༌། སློབ་ཐོན་རྒན་གྲས། གྲྭ་ཚང་བྱང་རྩེའི་བླ་སྤྲུལ་དགེ་འདུན་པ་ཁག་ཅིག །འབྲས་བློ་གླིང་གྲྭ་ཚང་དང༌། མོན་གྷོ་ས་སྐྱ་གྲྭ་ཚང༌། འབྲས་སྤུངས་ཉག་རེ་ཁང་ཚན་སོགས་སུ་བླ་སྤྲུལ་དགེ་འདུན་པ་དོན་གཉེར་ཅན་དུ་མར་རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་བརྡ་སྤྲོད་གཞུང་ལུགས་ཁག་སློབ་ཁྲིད་མཛད། རང་གཞུང་ཤེས་རིག་རྒྱལ་ཡོངས་ཆེས་མཐོའི་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མི་དང༌། མོན་གྷོ་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོའི་ཐུགས་འགན་ཡང་བཞེས། རང་གཞུང་ཤེས་རིག་ལས་ཁུངས་ཀྱི་བཀའ་འབྲེལ་བཞིན་མོན་གྷོ་གཏན་སློབ་ཁང་དུ་ད་ལྟ་འགྲོ་བཞིན་པའི་ལས་རིགས་སྡེ་ཚན་གྱི་འཛིན་རིམ་ ༡༡ དང་ ༡༢ ལ་བོད་ཡིག་ཟུར་སྦྱོང་གི་སློབ་ཚན་གཏན་འབེབས་དང་སློབ་ཁྲིད་ལོ་མང་གནང༌། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་གོ་སྒྲིག་འོག་བགྲོ་གླེང་དང་ཟབ་སྦྱོང༌། མཛད་སྒོ་དང་ཚོགས་འདུ་སོགས་ལས་རིམ་དུ་མར་གསུང་བཤད་དང་སྐུ་མགྲོན་དུ་གདན་ཞུས་བཀའ་བཀོད་དྭངས་ལེན་ཞུས། མཁས་དབང་ཁོང་རྒྱུན་དུ་ཐུགས་གཤིས་བཟང་ཞིང༌། སློབ་ཁྲིད་ལ་མཁས་པ། བཀའ་སློབ་གསུངས་བཤད་གནང་སྐབས་ཀྱང་སློབ་ཕྲུག་ཚོའི་བློ་དང་འཚམས་པ། ཚིག་གསལ་ལ་གོ་བདེ་བ་དཔེ་དང་སྦྱར་ནས་གསུངས་པར་སློབ་ཕྲུག་མང་པོའི་མིག་ནས་མཆི་མ་རང་དབང་མེད་པར་ལྷུང་ལྷུང་འབབ་ཞིང་སེམས་འགུལ་འཐེབས་སླ་བ་སོགས་ནི་གང་ཉིད་ཀྱི་ཉམས་མྱོང་དང་མཁས་པའི་རང་རྟགས་སུ་མངོན། ནང་མི་རྣམས་ཨ་རིར་གཞིས་ཆགས་ནས་སྡོད་ཁང་གསར་ཉོས་བྱས་ཏེ་རྒན་མཆོག་ཡང་ཡང་ཕེབས་བསྐུལ་ཞུས་པར་གསན་བཞེས་མ་གནང་བ་ཡང༌། ཟླ་བའི་སྙིང་པོའི་མདོ་ལས། བུ་དང་བུ་མོ་ཆུང་མ་དང༌། ནོར་དང་གླང་ཆེན་ཤིང་རྟ་དང༌། རིན་ཆེན་བྱང་ཆུབ་ཕྱིར་བཏང་བས། བསྟན་པ་ཡུན་རིང་འབར་གྱུར་ཅིག །ཅེས་གསུངས་པ་བཞིན་སྔོན་བྱོན་སྟོན་པའི་རྣམ་ཐར་རྗེས་འཇུག་འདུལ་བྱའི་ཉམས་ལེན་དུ་མཛད་པ་ཞིག་གོ །སྐུ་གཤེགས་པའི་ཉིན་མོ་ཡང་བླ་སྤྲུལ་དགེ་འདུན་པ་ཁག་གཅིག་ལ་སློབ་ཁྲིད་གནང་བཞིན་པའི་ངང་བློ་བུར་དུ་སྙུང་གཞི་བཞེས་པར་ྋསྐྱབས་རྗེ་མཁན་ཟུར་བླ་ཏེ་རིན་པོ་ཆེ་མཆོག་ལ་ཐུགས་བརྟག་ཞུས་པའི་ཕྱིར་ཕེབས་ཞབས་རིམ་ཞུ་སྒོ་ཁག་སྒྲུབ་པ་དང༌། རང་གཞུང་ཕྱི་ལུགས་སྨན་ཁང་གི་སྨན་པ་དང༌། སྨན་ཞབས་པ་བཅས་གདན་ཞུས་གསོལ་སྨན་ཕུལ་ཏེ་དྭངས་བསྐྱེད་བྱུང་ཡང་དགོང་དྲོའི་གསོལ་ཚིགས་དང༌། རྒྱུན་གྱི་ཞལ་འདོན་ཁག་གྲུབ་མཚམས་སྐུ་ལ་སྙུན་ཚུལ་གང་ཡང་མེད་པར་གློ་བུར་དུ་སྐུ་གཤེགས་ཏེ་ཐུན་ཉིན་མཚན་གསུམ་བཞུགས་རིང་གྲྭ་ཚང་དང༌། སློབ་གྲྭ། ཉག་རེ་ཁང་ཚན་བཅས་ནས་གཞུང་ཆེན་ཁག་གི་རྩ་བ་དང་སྨོན་ལམ་ཁག་གསུངས་གྲུབ་ཞུས། ྋསྐྱབས་རྗེ་ཟོང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་གྲྭ་ཚང་གི་དགེ་བཤེས་ཕྱི་མོ་ཟུར་པ་དགེ་བཤེས་ཕུན་ཚོགས་རྒྱལ་མཚན་ལགས་ནས་སློབ་དཔོན་མཛད་དེ་དཔལ་རྡོ་རྗེ་འཇིགས་བྱེད་ཞི་བའི་སྦྱིན་སྲེག་གི་ཆོ་གའི་སྒོ་ནས་ཕུང་སྲེག་ཞུགས་འབུལ་དང༌། ཚོགས་ཆེན་གཏན་འཇགས་མཆོད་འབུལ་ཞུས། རང་གཞུང་ཤེས་རིག་སྐུ་ཚབ་སྐུ་ངོ་གཞིས་དབུས་མཆོག་དང༌། གཏན་ཉིན་སློབ་གྲྭའི་སློབ་སྤྱི་རྣམ་གཉིས་དང་དགེ་ལས། འབྲེལ་ཡོད་རྣམས་ཆེད་བཅར་གྱིས་མཆོད་མེའི་ཞལ་འདེབས་དང་སྨོན་ལམ་བསྐྱོན། ནང་མི་བུ་ཕྲུག་དང་སྤུན་མཆེད་རྣམས་ཨ་རི་ནས་འབྱོར་མཚམས་ཞུགས་འབུལ་དང་སྐུ་ཚིགས་ཁག་ལ་མཆོད་འབུལ་དགེ་སྦྱོར་རྒྱ་ཆེ་བསྒྲུབས་དང་སྒྲུབ་མུས། མདོར་ན་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་སྐུ་ཚེ་གང་པོར་བོད་གངས་ཅན་ལྗོངས་ཀྱི་བསྟན་སྲིད་མི་རིགས་དང་བཅས་པའི་སོན་རྩ་གཞོན་ནུ་སེར་སྐྱ་སྟོང་ཕྲག་མང་པོར་རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་རིག་གཞུང་སློབ་ཁྲིད་ཀྱིས་མཛད་རྗེས་རླབས་ཆེན་འཇོག་གནང་མཛད། ད་ཆ་དེ་ལྟ་བུའི་དགེ་རྒན་ཞིག་མེད་པ་གྱུར་པར་ཤིན་ཏུ་བློ་ཕམ་ཞུ་བཞིན་ཡོད་ལ། རང་གི་རིག་གཞུང་ལ་བཅས་པའི་ཆོལ་གསུམ་བོད་རིགས་ཡོངས་ནས་ཀྱང་དམ་པ་དེ་ཉིད་བདེ་འགྲོའི་རྟེན་བཟང་རིམ་བརྒྱུད་མྱུར་དུ་སྐུ་བཞིའི་གོ་འཕང་ཐོབ་པའི་སྨོན་འདུན་དང༌། རྗེས་དྲན་ཞུ་གནང་ཡོང་བ་ཞུ་རྒྱུ་བཅས་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་སློབ་གྲྭ་དང༌།ཉག་རེ་ཁང་ཚན་ནས་ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༦ ཚེས་ ༨ ལ།།
རྒན་ལགས་ཁོང་གིས་མ་དཔེ་བྲིས་གནང་མཛད་པའི་ཡིག་གཟུགས་ཀ་ཁ་ནས་འཁྱུག་ཡིག་བར་དེབ་གཟུགས་ཁག་བདུན་ཙམ་འདི་ག་སློབ་གྲྭའི་དཔེ་མཛོད་ཁང་དུ་བླུ་ཡོན་
ཞུ་རྒྱུ་ཡོད། དེ་བཞིན་སྙན་སུམ་རིག་གནས་སློབ་ཁྲིད་གནང་བའི་འཁོར་ཐག་ཀྱང་གྲྭ་ཚང་གི་དཔེ་མཛོད་ཁང་དུ་བླུ་ཡོན་ཞུ་རྒྱུ་ཡོད་པས་དེ་དོན་དགོངས་འཇགས་ཞུ།།